Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
སིང་གེའི་འཇིགས་པ་དང་། གླང་ཆེན་གྱི་འཇིགས་པ། མེའི་འཇིགས་པ། སྦྲུལ་གྱི་འཇིགས་པ། རྐུན་པོའི་འཇིགས་པ། ལྕགས་སྒྲོག་གི་འཇིགས་པ། ཆུའི་འཇིགས་པ། ཤ་ཟའི་འཇིགས་པ་བཅས་བརྒྱད་པོ་ལས་སྐྱོབ་པའི་སྒྲོལ་མ།  +
ཁོག་པ་དང་། མགྲིན་པ། རྐན། ལྕེ། སྣ། སོ། སྤྱི་བོ། མཆུ་རྣམས་སོ།  +
རལ་གྲི་དང་། རིལ་བུ། མིག་སྨན། རྐང་མགྱོགས། བཅུད་ལེན། མཁའ་སྤྱོད། མི་སྣང་བ། ས་འོག་བཅས་ཀྱི་དངོས་གྲུབ་སྟེ་ཐུན་མོང་བའི་དངོས་གྲུབ་བརྒྱད་དོ།  +
དུས་ཀྱི་མཐའ། ཆུ་ཚོད་དྲུག་ཅུ་དང་དེང་སང་གི་དུས་ཚོད་ཉི་ཤུ་རྩ་བཞིའམ་ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག  +
མཁྱེན་པ་གསུམ་དང་སྦྱོར་བ་བཞི་འབྲས་བུ་ཆོས་ཀྱི་སྐུ་སྟེ་བརྒྱད། མཁྱེན་པ་གསུམ་ནི་གཞི་ཤེས་དང༌། ལམ་ཤེས། རྣམ་མཁྱེན། སྦྱོར་བ་བཞི་ནི་རྣམ་རྫོགས་སྦྱོར་བ་དང་། མཐར་གྱིས་སྦྱོར་བ། རྩེ་མོའི་སྦྱོར་བ། སྐད་ཅིག་མའི་སྦྱོང་བ་བཅས་དང་། འབྲས་བུ་ཆོས་ཀྱི་སྐུ་བསྣན་པས་བརྒྱད་དོ།  +
བསིལ་བ་དང་། ཞིམ་པ། ཡང་བ། འཇམ་པ། དྭངས་པ། དྲི་མ་མེད་པ། ལྟོ་བ་ལ་མི་གནོད་པ། མགྲིན་པ་ལ་མི་གནོད་པ། །  +
བཀའ་བརྒྱད་ཆོས་ལུགས་ལ་ཆེ་བཞི་དང་ཆུང་བརྒྱད་ཟེར་བའི་ཚོགས་པ་མང་པོར་གྱེས་པའི་ནང་གི་ཆུང་བརྒྱད་ནི། ། 1. འབྲི་གུང་བཀའ་བརྒྱུད། 2. སྟག་ལུང་བཀའ་བརྒྱུད། 3. ཁྲོ་ཕུ་བཀའ་བརྒྱུད། 4. འབྲུག་པ་བཀའ་བརྒྱུད། 5. སྨར་ཚང་བཀའ་བརྒྱུད། 6. ཡེལ་པ་བཀའ་བརྒྱུད། 7. གཡའ་བཟང་བཀའ་བརྒྱུད། 8. ཤུག་གསེབ་བཀའ་བརྒྱུད། བཅས་ཚང་མ་ཕག་གྲུའི་བཀའ་བརྒྱུད་ནས་གྱེས་པ་ཤ་སྟག་ཡིན།  +
འཇིག་རྟེན་གྱི་ཆོས་བརྒྱད་དེ། རྙེད་པ་དང༌། མ་རྙེད། སྙན་པ། སྙན་གྲགས་མི་སྙན་པ། སྨད་པ། བསྟོད་པ། བདེ་བ། སྡུག་བསྔལ།  +
1. ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་དང་། 2. རྫུ་འཕྲུལ་ཅན་གྱི་མཆོག་ནི་མཽ་འགལ་གྱི་བུ། 3. ཟབ་མོ་ལ་མོས་མཆོག་ནི་རབ་འབྱོར། 4. ལྷའི་མིག་ལྡན་མཆོག་ནི་མ་འགགས་པ། 5. མལ་སྟན་བགོ་མཆོག་གྱད་ནོར་བུ། 6. ཁྱིམ་བདག་དད་པ་སྐྱེས་མཆོག་འཆར་ཀ 7. མང་དུ་ཐོས་པའི་མཆོག་ནི་ཀུན་དགའ་བོ། 8. བསླབ་པ་གུས་མཆོག་སྒྲ་གཅན་འཛིན་ (ནོར་འཛིན་དང་མིང་གཅིག)ཞེས་གསུངས་པ་དོན་གཅིག་ཡིན་ནམ་བརྟག་སྣང་བརྒྱད་ལས་དེ་ལས་གཞན་པར་གསུངས་སོ།  +
1. ཤར་ན་རྩེ་མོ་བརྒྱ་པའི་མཆོད་རྟེན། 2.ལྷོར་ཏ་ལ་རིན་ཆེན་བརྩེགས་པའི་མཆོད་རྟེན། 3. ནུབ་ཏུ་བདེ་བྱེད་ཁམས་གསུམ་སྒྲོལ། 4. བྱང་དུ་ཕྲིན་ལས་གཏེར། 5. ཤར་ལྷོར་རི་ཤིང་རའི་མཆོད་རྟེན། 6. ལྷོ་ནུབ་ཏུ་པར་པ་རའི་མཆོད་རྟེན། 7. ནུབ་བྱང་དུ་བཀྲ་ཤིས་བརྩེགས་པའི་མཆོད་རྟེན། 8. བྱང་ཤར་དུ་ཉི་མ་གཟིའི་མཆོད་རྟེན་ནོ།  +
1. ནུབ་ཏུ་པད་སྤུངས་མཆོད་རྟེན་དང༌། 2. ཤར་ལྷོར་བྱང་ཆུབ་མཆོད་རྟེན། 3. ལྷོར་བཀྲ་ཤིས་སྒོ་མང་མཆོད་རྟེན། 4. བྱང་ཤར་ཆོ་འཕྲུལ་མཆོད་རྟེན། 5. ཤར་དུ་ལྷ་བབས་མཆོད་རྟེན་ཐེམ་སྐས་ལྟ་བུ། 6. ནུབ་བྱང་དུ་དགེ་འདུན་དབྱེན་སྡུམ་མཆོད་རྟེན་ཟུར་དྲུག་པ། 7. ལྷོ་ནུབ་ཏུ་རྣམ་རྒྱལ་མཆོད་རྟེན་བཟླུམ་པོ། 8. བྱང་དུ་མྱང་འདས་མཆོད་རྟེན། (page 439.1)  +
1. ཇི་སྲིད་ཉི་ཟླའི་བགྲོད་པ་མ་ནུབ་བར། 2. ཇི་སྲིད་རྒྱ་མཚོ་མ་ཉམས་བར། 3. ཇི་སྲིད་ནམ་མཁའ་མ་སྟོངས་ཀྱི་བར། 4. ཇི་སྲིད་བསྐལ་བ་མ་སྟོངས་ཀྱི་བར། 5. ཇི་སྲིད་ཕོ་རོག་དཀར་པོར་མ་གྱུར་གྱི་བར། 6. ཇི་སྲིད་སོལ་བ་དཀར་པོར་མ་གྱུར་གྱི་བར། 7. ཇི་སྲིད་དུང་དཀར་ནག་པོར་མ་གྱུར་གྱི་བར། 8. ཇི་སྲིད་ལོང་བས་གཟུགས་མ་མཐོང་བར་བཅས་ཡོང་རྒྱུ་མེད་པའི་དུས་ཚོད་དམ་ཧ་ཅང་གི་དུས་ཚོད་ཡུན་རིང་པོའི་དཔེ།  +
རྙེད་པ་དགའ་བ་དང་། མ་རྙེད་ན་མི་དགའ་བ། སྙན་པ་ཐོས་ན་དགའ་བ། མི་སྙན་པ་ཐོས་ན་མི་དགའ་བ། བདེ་ན་དགའ་བ། མི་བདེ་ན་མི་དགའ་བ། བསྟོད་ན་དགའ་བ། སྨད་ན་མི་དགའ་བ་རྣམས་སོ།  +
སེང་གེའི་འཇིགས་པ་དང་། གླང་ཆེན་གྱི་འཇིགས་པ། མེའི་འཇིགས་པ། སྦྲུལ་གྱི་འཇིགས་པ། ཆུ་བོའི་འཇིགས་པ། ལྕགས་སྒྲོག་གི་འཇིགས་པ། རྐུན་པོའི་འཇིགས་པ། ཤ་ཟའི་འཇིགས་པ་སྟེ་བརྒྱད། ཡང་ན་མེ་དང་ཆུ། དུག་མཚོན། དམག དགྲ མུ་གེ འཆི་བ་བཅས་ཀྱི་འཇིགས་པ་བརྒྱད་དོ།  +
མཛངས་པ་དང་བླུན་པོ་གཉིས།  +
(ཉན་ཐོས་དམན་པའི་ས།) 1. དཀར་པོ་རྣམ་པར་མཐོང་བའི་ས། 2. རིགས་ཀྱི་ས། 3. བརྒྱད་པའི་ས། 4. བསྲབ་པའི་ས། 5. འདོད་ཆགས་དང་བྲལ་བའི་ས། 6. བྱས་པ་རྟོགས་པའི་ས། 7. ཉན་ཐོས་ཀྱི་ས། 8. རང་སངས་རྒྱས་ཀྱི་སའོ།  +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བཅོ་བརྒྱད་པ་ཉམས་ལྡན་གྱི་རྒྱན་ནི་ནང་གི་བསམ་པའི་འགྱུར་བ་ལ་བརྟེན་ནས་ཕྱི་རོལ་ལུས་ཀྱི་རྣམ་འགྱུར་སྒེག་པ་ལ་སོགས༌པའི་ཉམས་དང་ལྡན་པ་སྟོན་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་བརྒྱད་ནི། 1. སྒེག་པའི་ཉམས་དང་། 2. དྲག་ཤུལ་གྱི་ཉམས། 3. དཔའ་བའི་ཉམས། 4. སྙིང་རྗེའི་ཉམས། 5. མི་སྡུག་པའི་ཉམས། 6. བཞད་གད་ཀྱི་ཉམས། 7. རྨད་བྱུང་གི་ཉམས། 8. འཇིགས་རུང་གི་ཉམས་བཅས་སོ།  +
ཉེ་བའི་སྲས་ཆེན་བརྒྱད་དང་དོན་གཅིག  +
འཇམ་དབྱངས་དང༌། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ། ནམ་མཁའི་སྙིང་པོ། བྱམས་པ། ཀུན་ཏུ་བཟང་པོ་སྟེ་བརྒྱད།  +