Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
གཟུཊ་ཕྲ་བའི་ཡོན་ཏན་། གཟུགས་རགས་པའི་ཡོན་ཏན། ཡང་བའི་ཡོན་ཏན། ཁྱབ་པའི་ཡོན་ཏན། ཡང་དག་ཐོབ་པའི་ཡོན་ཏན། རབ་ཏུ་གསལ་བའི་ཡོན་ཏན། བརྟན་པའི་ཡོན་ཏན། འདོད་དགུ་འབྱུང་བའི་ཡོན་ཏན་རྣམས་སོ། +
སྐུ་ཡི་དབང་ཕྱུག གསུང་གི་དབང་ཕྱུག ཐུཊ་ཀྱི་དབང་ཕྱུག རྫུ་འཕྲུལ་གྱི་དབང་ཕྱུག ཀུན་འགྲོའི་དབང་ཕྱུག གནས་ཀྱི་དབང་ཕྱུག ཅི་འདོད་ཀྱི་དབང་ཕྱུག འཕྲིན་ལས་ཀྱི་དབང་ཕྱུག་རྣམས་སོ། +
དཀར་པོ་རྣམ་པར་མཐོང་བའི་ས། རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། སྲབ་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་བསྲུང་བའི་ས། བྱས་པ་རྟོགས་པའི་ས་སྟེ་བརྒྱད། +
སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་རྗེས་སུ་རྟོཊ་པའི་ཤེས་པའི་བཟོད་པ། ཀུན་འབྱུང༌བ་ལ་ཆོས་ཤེས་པའི་བཟོད་པ། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ། འགོག་པ་ལ་ཆོས་ཤེས་པའི་བཟོད་པ། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ། ལམ་ལ་ཆོས་ཤེས་པའི་བཟོད་པ། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པའི་བཟོད་པ། +
སྡུག་བསྔལ་ཆོས་ཤེས་པ་དང་། སྡུག་བསྔལ་རྗེས་སུ་རྟོགས་པའི་ཤེས་པ། ཀུན་འབྱུང་བ་ལ་ཆོས་ཤེས་པ། ཀུན་འབྱུང་བ་ལ་རྗེས་སུ་རྟོགས་པའི་ཤེས་པ། འགོག་པ་ལ་ཆོས་ཤེས་པ། འགོག་པ་ལ་རྗེས་སུ་རྟོགས་པའི་ཤེས་པ། ལམ་ལ་ཆོས་ཤེས་པ། ལམ་ལ་རྗེས་སུ་རྟོགས་པའི་ཤེས་པ། +
ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ་དང་ཀླ་ཀློ་སོགས་བརྒྱད་དང་བྲལ་ན་དལ་བ་བརྒྱད་ཟེར། +
མི་ཁོམ་པ་བརྒྱད་དང་བྲལ་བའི་ལུས་རྟེན་ནི་དལ་བ་བརྒྱད། དལ་བ་ནི་ཆོས་བྱེད་ལོང་ཡོད་པའི་དུས་སྐབས་ཅེས་པའི་དོན། དལ་བ་བརྒྱད་ནི། 1. དམྱལ་བར་མ་སྐྱེས་པ་དང་། 2. ཡི་དྭགས་སུ་མ་སྐྱེས་པ། 3. དུད་འགྲོར་མ་སྐྱེས་པ། 4. ཡུལ་མཐའ་འཁོབ་ཏུ་མ་སྐྱེས་པ། 5. ལྷ་ལ་མ་སྐྱེས་པ། 6. ཆོས་མེད་པའི་ཡུལ་དུ་མ་སྐྱེས་པ། དབང་པོ་མ་ཚང་བ་མིན་པ། 8. མཚམས་མེད་ལས་བྱེད་པའི་ཀླ་ཀློ་མ་ཡིན་པ། +
འདོགས་པའི་རྒྱན་གཉིས་ནི། ཐོད་སྐམ་ལྔའི་དབུ་རྒྱན། ཐོད་རློན་ལྔ་བཅུའི་དོ་ཤལ་ལོ། བགོ་བའི་གོས་གསུམ་ནི་སྐུ་སྟོད་ན་གླང་ཆེན་གྱི་ཀོ་རློན་སྟོད་གཡོགས། སྐུ་སྐེད་ན་ཞིང་ལྤགས་ཀྱི་གཡང་གཞི། སྐུ་སྨད་ན་སྟག་ལྤགས་ཀྱི་ཤམ་ཐབས། བྱུག་པའི་རྫས་གསུམ་ནི་ཞག་གི་ཟོར་རིས་དང་། སྨིན་ཕྲག་ཁྲག་གི་ཐིག་ལེ། དཔྲལ་བ་ཐལ་ཆེན་གྱི་ཚོམ་བུ་རྣམས་སོ། +
གཟའ་ལྷག་པ་དང་པ་སངས་གཉིས། +
1. ཤར་ན་མི་ཕྱེད་རྡོ་རྗེ་མཁའ་འགྲོ། 2. ལྷོར་རིན་ཆེན་མཁའ་འགྲོ་གཟི་བརྗིད་ཅན། 3. ནུབ་ཏུ་དྲི་མ་པདྨ་མཁའ་འགྲོ། 4. བྱང་ན་ལས་ཀྱི་མཁའ་འགྲོ་བདེ་བ་ཅན། 5. ཤར་ལྷོར་མི་འདའ་དམ་ཚིག་མཁའ་འགྲོ ། 6. ལྷོ་ནུབ་ཏུ་སྣ་ཚོགས་མཁའ་འགྲོ་མི་ཐུབ་མ། 7. ནུབ་བྱང་དུ་ཐམས་ཅད་མཁའ་འགྲོ་ཀུན་རྒྱུ་མ། 8. བྱང་ཤར་ན་རྒྱུད་འཛིན་འཇིག་རྟེན་མཁའ་འགྲོའོ། ཐམས་ཅད་ཀྱང་གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། གྲི་ཐོད་འཛིན་ཅིང་ཁཱ་ཊཱི་ཁ་འཁྱུད་པའོ། +
ཤར་དུ་གཏུམ་དྲག བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་རྡོ་རྗེ། ལྷོར་ཀེང་རུས་ཅན། དབང་ལྡན་ཏུ་དྲག་ཏུ་རྒོད་པ། མེར་བཀྲ་ཤིས་ཚལ། བདེན་བྲལ་དུ་མུན་པ་དྲག་པོ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོག་པ་རྣམས་སོ། ཡང་ལུགས་གཅིག་ལ། 1. གཏུམ་དྲག་ཅན། 2. གང་རྒྱངས་སྒྲོག་པ། 3. པདྨ་འཁྱིལ་བ། 4. ཀཱི་ལ་སྒྲོག་བ།. 5. རབ་འཇིགས། 6. མི་བཟད་གཏུམ་པོ། 7. རབ་རྒྱུ། 8. དྲག་ཤུལ་ཅན། +
1. ཤར་དུ་གཏུམ་དྲག 2. ལྷོར་ཚང་ཚིང་འཁྲིགས་པ། 3. ནུབ་ཏུ་རྡོ་རྗེ་འབར་བ་ཅན། 4. བྱང་དུ་ཀེང་རུས་ཅན། 5. བྱང་ཤར་དུ་དྲག་ཏུ་རྒོད་པའམ་ཧ་ཧར་རྒོད་པའམ་མི་བཟད་བཞད་པ། 6. ཤར་ལྷོར་བཀྲ་ཤིས་ཚལ་ལམ་བཀྲ་ཤིས་མཆོག 7. ལྷོ་ནུབ་ཏུ་མུན་པ་དྲག་པོ་ཅན། 8. ནུབ་བྱང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོག་ཅན་བཅས་བརྒྱད་དང་། གཞན་ཡང་། 1. ཤར་དུ་བསིལ་བའི་ཚལ། 2. ལྷོར་ཀུ་ལི་སྒྲ་སྒྲོག 3. ནུབ་ཏུ་ལངྒ་བརྩེགས་པ། 4. བྱང་དུ་པད་མ་བརྩེགས་པ། 5. ཤར་ལྷོར་ལྷུན་གྲུབ་གཏེ། 6. ལྷོ་ནུབ་ཏུ་གསང་ཆེན་རོལ་པ། 7. ནུབ་བྱང་དུ་ཧེ་ཆེན་བརྡལ་བ། 8. བྱང་ཤར་དུ་འཇིག་རྟེན་བརྩེགས་པ་སྟེ་བརྒྱད་བཅས་ལ་ངེས་འཛིན་ཚུལ་མི་འདྲ་བ་གཉིས་བཤད་པས་གང་ལྟར་བྱས་ཀྱང་རུང་ཞིང་། ཡོངས་གྲགས་ལ་སྔ་མ་དེ་རང་ཁུངས་དག་པར་བཞེད་དོ། +
གཞའ་ཡས་ཁང་གི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་ན། ཤིང་བརྒྱད་སྐྱེས་པ་ནི། 1. ཤར་དུ་ཤི་རི་ཤ་སེར་པོ། 2. ལྷོར་ཙུན་ར་སྔོན་པོ། 3. ནུབ་ཏུ་ཀང་ཀ་ལ་དམར་སྐྱ། 4. བྱང་དུ་ཨ་ཤད་ད་ལྗང་ཁུ། 5. ཤར་ལྷོར་ཀ་རན་ཛ་སེར་པོ། 6. ལྷོ་ནུབ་ཏུ་འཁྲི་ཤིང་ཅན་སྔོན་དམར། 7. ནུབ་བྱང་དུ་ཨ་ཛུ་ན་ལྗང་ཁུ། 8. བྱང་ཤར་ཀ་ཁྲི་མ་ཧཱ་སྣ་ཚོགས་པའོ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བདུན་པ་དོན་གཞན་བཀོད་པའི་རྒྱན་ནི། བརྗོད་འདོད་ཀྱི་དངོས་པོ་འགའ་ཞིག་དམ་བཅའི་ཚུལ་དུ་སྔོན་ལ་བཀོད་བྱས། དེ་དང་རིགས་མཚུངས་པའི་དོན་གཞན་ཞིག་སྒྲུབ་བྱེད་ཀྱི་ཚུལ་དུ་བཀོད་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་བརྒྱད་ནི། 1. ཀུན་ཁྱབ་དོན་གཞན་བཀོད་པ། 2. ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ། 3. སྦྱར་བ་ཅན་གྱི་དོན་གཞན་བཀོད་པ། 4. འགལ་བ་ཅན་གྱི་དོན་གཞན་བཀོད་པ། 5. མི་འོས་པའི་དོན་གཞན་བཀོད་པ། 6. འོས་པའི་དོན་གཞན་བཀོད་པ། 7. འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ། 8. མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་བཅས་སོ། +
1. བཙན་སྦྲུལ་མགོ་ཅན། 2. རྨུ་རྗེ་ཡ་བ་ཏི། 3. བདུད་ཕོ་ནག་པོ་བཀྲག་མེད། 4. སྲིན་པོ་སྲོག་གཅོད་ནག་པོ། 5. ཀླུ་བདུད་ནག་པོ་སྦྲུལ་ཞགས་ཅན། 6. སྒྲོལ་གིང་ཡམ་ཤུད་དམར་པོ། 7. གནོད་སྦྱིན་སྲོག་གཅོད་ནག་པོ། 8. མ་མོ་ནག་མོ་ཁྲག་འཛག་མ་དང་བརྒྱད་དོ། +
1.ལམ་ལ་འཇུག་པ་དྲང་དོན་དང་། འབྲས་བུ་ལ་འཇུག་པ་ངེས་པའི་དོན། 2. ཀུན་རྫོབ་སྒྲུབ་བྱེད་དྲང་དོན་དང༌། དོན་དམ་སྒྲུབ་བྱེད་ངེས་པའི་དོན། 3. ལས་ཀྱི་བྱ་བ་ལ་འཇུག་དྲང་། ལས་དང་ཉོན་མོངས་ཟད་སྟོན་ངེས། 4. ཀུན་ནས་ཉོན་མོངས་བསྟན་པ་དྲང་། རྣམ་བྱང་བརྟན་པ་ངེས་པའི་དོན། 5. འཁོར་བ་སྐྱོ་བསྐྱེད་དྲང་དོན་ལ། འཁོར་འདས་གཉིས་མེད་ངེས་པའི་དོན། 6. ཚིག་འབྲུ་སྣ་ཚོགས་སྟོན་པ་དྲང༌། ཟབ་ཅིང་བརྟག་དཀའ་ངེས་པའི་དོན། 7. ཚིག་མང་སེམས་ཅན་མགུ་བྱེད་དྲང་། ཚིག་ཉུང་བཟུང་བདེ་ངེས་པའི་དོན། 8. བདག་སོགས་གཙོར་བཤད་དྲང་པའི་དོན། བདག་མེད་བསྟན་པ་ངེས་པའི་དོན། +
རི་བོ་ཆེན་པོ་བརྒྱད་ན་གནས་པའི་དྲང་སྲོང་ཆེན་པོ་བརྒྱད་དེ། 1. ཤར་ན་འོད་ཅན། 2. ལྷོར་འགྲོ་བ་འཛིན། 3. ནུབ་ན་བཟོད་པ་སྨྲ། 4. བྱང་ན་གྲུབ་པ་འཛིན། 5. ཤར་ལྷོ་ན་སྐལ་ལྡན། 6. ལྷོ་ནུབ་ན་རབ་གཏུམ། 7. ནུབ་བྱང་ན་གངས་ཅན། 8. བྱང་ཤར་ན་ཀུན་ཤེས་ཏེ། ཐམས་ཅད་ཀྱང་ཁྲི་སྙན་གྱི་ལྤགས་པར་ཕྱེད་སྐྱིལ་དུ་བཞུགས་ཤིང་། ཀེང་རུས་ཀྱི་གཟུགས་ཅན། སྐྲ་དཀར་པོ་ལྟག་པར་བཅིང་པ་དུང་གི་ཕྲེང་བ་བགྲང་པའོ། +
ལྷའི་ཆུ་ཡན་ལག་བརྒྱད་ལྡན་དང་མཚུངས་སོ། +
ཟུར་ཆུང་ཤེས་རབ་དྲག་གི་སློབ་མ་ལ་ཀ་བ་བཞི་གདུང་མ་བརྒྱད། གདུང་ཕྲན་སུམ་ཅུ་རྩ་གཉིས། ཡུལ་པོ་ཆེའི་མི་གཉིས་ལས་མང་བྱུང་སྟེ། དེ་ཡང་གདུང་མ་བརྒྱད་ནི། 1. སྣ་ནམ་གནུབ་སྟོན་བག་མ། 2. ཆུ་སྒོའི་མ་ཐོག་བྱང་འབར། 3. ན་སེར་གྱི་རྡོ་རྗེ་སེང་གེ 4.དབུས་པ་ས་འཐོ་ར། 5. རྩེ་འཕྲེང་བྱང་དཔལ། 6. བྱང་པ་ཟླ་གྲགས། 7. ཙག་བླ་མ་ཤཱཀྱ་རིན། 8. ཀླན་ཉ་ཚལ་ཤཱཀྱ་བྱང་ཆུབ་དང་བརྒྱད་དོ། +
ཞིང་བ་དང་འབྲོག་པ་གཉིས། +