Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་ལྔ་པ་བསྐོར་བའི་རྒྱན་ནི། དོན་དང་ཚིག ཚིག་དོན་གཉིས་ཀ་བཅས་དེ་གསུམ་རེ་རེ་བཞིན་ལྡབ་སྐྱོར་གྱི་ཚུལ་དུ་ཡང་ཡང་བསྐྱར་ཏེ་བརྗོད་པའི་རྒྱན་ཞིག་སྟེ། ནང་གསེས་ལ། དོན་བསྐོར་བ་དང་ཚིག་བསྐོར་བ། ཚིག་དོན་གཉིས་ཀ་བསྐོར་བ་བཅས་གསུམ་མོ།  +
སེམས་པའི་ལས་དང་བསམ་པའི་ལས་གཉིས།  +
སྣམ་སྦྱར། བླ་གོས། མཐང་གོས་གསུམ།  +
ཕུང་པོ་ལྔ་རིཊ་ལྔར་གསལ་བ་སངས་རྒྱས་ཀྱི་གདན། འབྱུང་བ་ལྔ་ཡུམ་ལྔར་གསལ་བ་ལྷ་མོའི་གདན། སྐྱེ་མཆེད་ཀུན་སེམས་དཔའ་སེམས་མར་གསལ་བ་སེམས་དཔའི་གདན་ནོ།ཡང་ས་སྐྱ་པའི་ལུགས་ཀྱི་གདན་གསུམ་ཚང་བའི་དཀྱིལ་འཁོར་ཞེས་པའི་གདན་གསུམ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གདན། རིག་མ་དང་ལྷ་མོའི་གདན། ཁྲོ་བོ་དང་ཁྲོ་མོའི་གདན་ནོ།  +
རི་བོ་གངས་ཅན་དང་། རི་བོ་འབིགས་བྱེད། རི་བོ་མན་དྷ་ར་གསུམ་ལ་ཟེར།  +
ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་ཆེ་བ་གསུམ།  +
དབྱངས་སོཊ་ངེས་་པའི་བྱ་དཀའི་བ་གསུམ་གྱི་ནང་གསེས་དང་པོ་དབྱངས་ངེས་པའི་་བྱ་དཀའ་བ་ལ་དབྱེ་བ་བཞི་ཡོད་པ་ནི། དབྱངས་བཞིར་ངེས་པ་དང་གསུམ་དུ་ངེས་པ། གཉིས་སུ་ངེས་པ། གཅིག་ཏུ་ངེས་པའོ།  +
ངོ་མཚར་ལྔ་ལྡན་འཛམ་གླིང་དང་དོན་གཅིག  +
རིག་གནས་ཆེ་བ་ལྔ་དང་དོན་གཅིག  +
ཤར་ལྷོ་ནུབ་བྱང་སྟེང་འོག་བཅས་དྲུག  +
དགེ་ཆུང་དང་། ཚད་མེད་དགེ དགེ་རྒྱས་ཏེ་གསུམ།  +
ཟླ་བ་གྲགས་པའི་སྒྲོལ་གསལ་ལས་གསུངས་པའི་བསྟན་བཅོས་ཀྱི་རྩིས་མགོ་ལྔ་ནི། རྩོམ་པ་པོ་གང་གིས་མཛད་པ། གཞུང་གང་ལས་བཏུས་པ། ཕྱོགས་གང་དུ་གཏོགས་པ། དགོས་ཆེད་གང་ཡིན་པ། དབུ་ནས་ཞབས་སུ་བསྡུ་པའི་དོན་ནོ།  +
འཇིག་རྟེན་དང་ཆོས་ལུགས་གཉིས།  +
བྱ་དཀའ་བའི་ཁྱད་པར་གཞན་གྱི་རྒྱན་གྱི་ནང་གསེས་གསུམ་པ་ཀུན་ཏུ་བཟང་བོའི་འཁོར་ལོའམ་ཀུན་ཏུ་འཁོར་བའི་ཚིགས་བཅད་དུ་གྲགས་པ་དེ་ལ་དབྱེ་བ་དགུ་་ཡོད་པ་ནི། 1. བཻདབྷའི་ལུགས་ཀྱི་ཀུན་འཁོར་བཟླུམ་པོ། 2.ཀསྨ་རའི་ལུགས་ཀྱི་ཀུན་འཁོར་བྱ་དཀའ་བ། 3. ཀསྨ་རའི་ལུགས་ཀྱི་ཀུན་འཁོར་བྱ་སླ་བ་ (གྲུ་བཞི)། ཏཱ་ལའི་སྐུ་ཕྲེང་་དང་པོ་དགེ་འདུན་གྲུབ་ཀྱིས་བཞེད་པའི་ཀུན་འཁོར་བྱ་དཀའ་བ། 5. ཏཱ་ལའི་སྐུ་ཕྲེང་ལྔ་པའི་བཞེད་སྲོལ་དབྱངས་ངེས་པའི་བྱ་དཀའི་ཀུན་བཟང་འཁོར་ལོ། 6. དཔལ་སྒང་པའི་བཞེད་སྲོལ་ལྟར་ཀྱི་ཀུན་འཁོར། 7. བོད་མཁས་པའི་བཞེད་པ་ལྟར་གྱི་ཀུན་འཁོར་ཡིག་འབྲུ་དགུ་མ་བྱ་དཀའ་བ། 8. ཡང་དེའི་བཞེད་སྲོལ་ལྟར་གྱི་ཀུན་འཁོར་བྱ་སླ་བ། 9. པཎ་ཆེན་བསྟན་པའི་དབང་ཕྱུག་གིས་གསར་གཏོད་མཛད་པའི་ཀུན་འཁོར་དཔལ་བོའི་གཟུགས་བཅས་གཙོ་བོ་དགུ་ཡོད་དོ། །  +
རྗེས་སུ་ཆགས་པའི་ཀུན་སྦྱོར། ཁོང་ཁྲོ་བའི་ཀུན་སྦྱོར། ང་རྒྱལ་གྱི་ཀུན་སྦྱོར། མ་རིག་པའི་ཀུན་སྦྱོར། ལྟ་བའི་ཀུན་སྦྱོར། མཆོག་ཏུ་འཛིན་པའི་ཀུན་སྦྱོར། ཐེ་ཚོམ་གྱི་ཀུན་སྦྱོར། ཕྲག་དོག་གི་ཀུན་སྦྱོར། སེར་སྣའི་ཀུན་སྦྱོར་རོ།།  +
སྨེ་བ་དགུ་སྟེ་ཕག་མགོ་གཅིག་པས་རྒྱལ་པོར་ཀོ་ལོང་བསྡོམ། སྦྲུལ་མགོ་གཉིས་པས་རབས་ཆད་ལ་ཀོ་ལོང་བསྡོམ། འབྲུག་མགོ་གསུམ་པས་བོན་པོར་ཀོ་ལོང་བསྡོམ། གླང་མགོ་བཞི་པས་སྔགས་པར་ཀོ་ལོང་བསྡོམ། ཉ་མགོ་ལྔ་པས་བན་དྷེར་ཀོ་ལོང་བསྡོམ། སྦལ་མགོ་དྲུག་པས་བྱིས་པར་ཀོ་ལོང་བསྡོམ། ཆུ་སྲིན་མགོ་བདུན་པས་བུད་མེད་ལ་ཀོ་ལོང་བསྡོམ། ཤ་མགོ་བརྒྱད་པས་སྨོན་པར་ཀོ་ལོང་བསྡོམ། བྱ་རོག་མགོ་དགུ་པས་ནོར་ལ་ཀོ་ལོང་བསྡོམ་ཞེས་པ་ལྟར་རོ། །  +
ཕྱིའི་དཀོན་མཆོག་སངས་རྒྱས་ཆོས་དང་དགེ་འདུན་གསུམ། ནང་གི་དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་གསུམ། གསང་བའི་དཀོན་མཆོག་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་དགུའོ།  +
ཀ་ག་ཏ་ད་ན་ཉ་ཞ་ཤ་ཧ་སྟེ་དགུ  +
1. ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་པོ། 2.ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང་ཆེ། 3. ཆོས་སྐུའི་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ། 4. ལོངས་སྐུའི་ཆོས་སྐུ་རྣམ་སྣང་གང་ཆེན། 5. ལོངས་སྐུའི་ལོངས་སྐུ་རིགས་ལྔའི་སངས་རྒྱས། 6. ལོངས་སྐུའི་སྤྲུལ་སྐུ་ཕྱག་ན་རྡོ་རྗེ། 7. སྤྲུལ་སྐུའི་ཆོས་སྐུ་རྡོ་རྗེ་སེམས་དཔའ། 8. སྤྲུལ་སྐུའི་ལོངས་སྐུ་རིགས་གསུམ་མགོན་པོ། 9.སྤྲུལ་སྐུའི་སྤྲུལ་སྐུ་ཐུབ་པ་ཆེན་པོ་དེས་མཚོན་ཏེ་རྟོགས་པར་བྱའོ།།  +
འདོད་པའི་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ། གཟུགས་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ། གཟུགས་མེད་ཁམས་ལས་ཚེ་འཕོས་ཏེ་ཁམས་གསུམ་དུ་སྐྱེ་བ་གསུམ་ལ་བྱའོ། འགའ་ཞིག་འདིའི་དགུ་ནི་ར་མགོ་ཅན་གྱི་རྒུ་ཡིན་པས་གྲངས་ཀྱི་དགུ་ལ་མི་བྱེད་ཟེར་རོ། །  +