Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
འདོད་ཁམས། བསམ་གཏན་བཞི། གཟུགས་མེད་བཞི་རྣམས་སོ། +
1. སྒེག་པ། 2. དཔའ་བ། 3. མི་སྡུག་པ། 4. དྲག་ཤུལ། 5. བཞད་གད། 6. འཇིགས་རུང་། 7. སྙིང་རྗེ། 8. རྔམས་པའམ་ངོ་མཚར་བ། 9. ཞི་བ། +
སྒེག་པའི་ཉམས། དཔའ་བའི་ཉམས། མི་སྡུག་པའི་ཉམས། དྲག་ཤུལ་གྱི་ཉམས། བཞད་གད་རྒོད་ཀྱི་ཉམས། ། འཇིགས་སུ་རུང་བའི་ཉམས། སྙིང་རྗེའི་ཉམས། རྔམས་པའི་ཉམས། ཞི་བའི་ཉམས་རྣམས་སོ། ། +
ཤཱཀྱ་མུ་ནེའི་ལུགས་འཛིན་པའི་ཤིང་རྟ་ཆེན་པོ་གཉིས་ཏེ། སློབ་དཔོན་ཀླུ་སྒྲུབ་དང༌། སློབ་དཔོན་ཐོགས་མེད་གཉིས་ལ་ཟེར། +
བུ་མཛངས་པ་ལྟ་བུའི་སེམས། རྡོ་རྗེ་ལྟ་བུའི་སེམས། ས་གཞི་ལྟ་བུའི་སེམས། ཁོར་ཡུག་གི་རི་ལྟ་བུའི་སེམས། བྲན་གཡོག་ལྟ་བུའི་སེམས། ཕྱག་དར་ལྟ་བུའི་སེམས། ཐེག་པ་ལྟ་བུའི་སེམས། སྒོ་ཁྱི་ལྟ་བུའི་སེམས། གྲོགས་བཟང་ལྟ་བུའི་སེམས་སོ། +
1. ཆུ། 2. ཆུ་རྒྱུན། 3. ཆུ་བོ། 4. ཆར། ། 5. ལེགས་བརྒལ། 6. གཞན་མིན། 7. མིག་བཟང་། 8. འོད་ཅན། 9. ལུས་མཆོག་གོ +
1. དབུས་སུ་ཤེལ་གིང་དཀར་པོ། 2. ཤར་དུ་དཀར་པོ་མི་གཅིག 3. ཤར་ལྷོར་གཟའ་ཐེའུ་དམར་པོ། 4. ལྷོའི་བྱེ་བ་རྐང་རིང་། 5. ལྷོ་ནུབ་ཀྱི་གནམ་ཐེའུ་དཀར་པོ། 6. ནུབ་ཀྱི་ཡམ་ཤུད་དམར་པོ། 7. ནུབ་བྱང་གི་ས་ཐེའུ་ནག་པོ། 8. བྱང་གི་ཁུ་ལེ་ལག་དགུ 9. བྱང་ཤར་གྱི་བར་ཐེའུ་ཁྲ་བོ། +
གླེང་གཞི། རྟོགས་བརྗོད། དེ་ལྟ་བུ་བྱུང་བ། སྐྱེས་རབས་དང་བཞི་གཅིག་ཏུ་བསྡུས་ཤིང་། མདོ་སྟེ་དབྱངས་བསྙད་སོགས་བརྒྱད་རྣམས་སོ། +
1. རྒྱ་ཚྭ་སྲང་དོ། 2. སྡིག་སྲིན་སྲང་དོ། 3. གསེར་ཕྱེ་སྲང་དོ། 4. ཁ་རུ་ཚྭ་སྲང་དོ། 5. པི་པི་ལིང་སྲང་དོ། 6. སྲད་དཀར་སྲང་དོ། 7. སུག་སྨེལ་སྲང་དོ། 8. ལྕམ་པའི་འབྲས་བུ་སྲང་དོ། 9. གླ་རྩི་དྲི་ཙམ། +
ས་འོག་གི་དངོས་གྲུབ། སྟེང་འགྲོའི་དངོས་གྲུབ། རལ་གྲིའི་དངོས་གྲུབ། ཚར་གཅོད་ཕན་འདོགས་ཀྱི་དངོས་གྲུབ། རིལ་བུའི་དངོས་གྲུབ། མིག་སྨན་གྱི་དངོས་གྲུབ། གཏེར་གྱི་དངོས་གྲུབ། རྐང་མགྱོགས་ཀྱི་དངོས་གྲུབ། བཅུད་ལེན་གྱི་དངོས་གྲུབ་བོ། +
ཆིན་དགུ་ནི། ཧྥུན་ཁྲང་། ལང་ཀྲུང་ལིན། ཝེ་ཝེ། ཐེ་ཧྥུ། ཐིན་ཝེ། ཏེན་ཁེ། ཙུང་ཀྲིན། ཧྲའོ་ཧྥུ། ཀྲི་སོའུ་ནེ་ཧྲི་བཅས་ཡིན། 1. ཧྥུན་ཁྲང༌། དེས་མེས་པོའི་མཆོད་ཁང་དང་། མཛད་སྒོ བདག་གཉེར་བྱེད་མཁན་ཡིན་ཞིང་། དེའི་འོག་ཏུ་ཐེ་ཧྲི་དང་། ཐེ་པུ་ཟེར་བའི་རྩིས་པ་དང༌། ཐེ་དབྱི་ཟེར་བའི་སྨན་པ། པའོ་ཧྲི་ཟེར་བའི་ཤེས་ཡོན་ཅན་མང་པོ་ཡོད་ཅིང་། དེ་ཚོས་ལོ་རྒྱུས་དང་། གནམ་རིག་སོགས་ཞིབ་འཇུག་བྱས་ནས་གོང་མའི་བློ་འདྲི་ས་བྱེད་པ། 2. ལང་ཀྲུང་ལིན། ཕོ་བྲང་ནང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་བྱེད་མཁན་ཞིག 3. ཝེ་ཝེ། ཕོ་བྲང་གི་སྒོ་སྲུང་བདག་གཉེར་བྱེད་མཁན། 4. ཐེ་ཕུའུ། གོང་མའི་ཤིང་རྟ་འཁོར་ལོ་དང་རྟ་སོགས་བདག་གཉེར་བྱེད་མཁན་ཞིག 5. ཐེན་ཝེ། སྤྱི་ཁྱབ་ཁྲིམས་དཔོན་ཡིན་ཞིང་། དེ་རྒྱལ་ཡོངས་ཀྱི་ཉེས་དོན་ཁྲིམས་ལུགས་ལ་བདག་གཉེར་བྱེད་མཁན། 6. ཏེན་ཁེའུ། གྲངས་ཉུང་མི་རིགས་གྱི་འགོ་གཙོ་དང་། མཚམས་འདྲིའི་མི་སྣའི་སྣེ་ལེན་སྐོར་བདག་གཉེར་བྱེད་མཁན། 7. ཙུང་ཀྲིན། གོང་མའི་ཁྱིམ་རྒྱུད་ལས་དོན་སྐོར་ལ་བདག་གཉེར་བྱེད་མཁན། 8. ཧྲའོ་ཧྥུ། རྒྱལ་ཡོངས་ཀྱི་དཔྱ་ཁྲལ་བསྡུ་ལེན་དང་། ལག་ཤེས་བཟོ་ལས་སོགས་བདག་གཉེར་བྱས་ནས་ཕོ་བྲང་ནང་གི་མཁོ་སྤྲོད་བྱེད་མཁན། 9. ཀྲི་སོའུ་ནེ་ཧྲི། ནོར་སྲིད་ཀྱི་སྤྱི་ཁྱབ་དཔོན་ཆེན་ཡིན་ཞིང་། དེ་རྒྱལ་ཡོངས་ཀྱི་ནོར་སྲིད་ལས་དོན་ལ་བདག་གཉེར་བྱེད་མཁན་ཡིན་པ་བཅས་རེད། +
དྭགས་པོ་བཀའ་བརྒྱུད་ལས་བྱུང་བའི་བཀའ་བརྒྱུད་པའི་ཆོས་ལུགས་གཞན་དགུ་ནི། 1. ཀརྨ་བཀའ་བརྒྱུད། 2. ཚལ་པ་བཀའ་བརྒྱུད། 3. འབའ་རོམ་བཀའ་བརྒྱུད། 4. ཕག་གྲུ་བཀའ་བརྒྱུད། 5. འབྲི་གུང་། 6. འབྲུག་པ། 7. སྟག་ལུང་། 8. གཡའ་བཟང་། 9. ཁྲོ་ཕུ། +
1. གྷི་ཝང་དྲི་ཙམ། 2. གུར་ཀུམ་སྲང་གསུམ། 3. ཨུད་པལ་སྔོན་པོ་སྲང་གསུམ། 4. བ་ལེ་ཀ (ཚིགས་འདོར)སྲང་གསུམ། 5. ཏིག་ཏ་སྲང་གསུམ། 6. བྲག་ཞུན་སྲང་གསུམ། 7. རུ་རྟ་སྲང་གསུམ། 8. བ་ཤ་ཀ་སྲང་གསུམ། 9. གསེར་མེ (ཤུབས་འདོར)སྲང་གསུམ། ། +
1. རབ་ཏུ་དགའ་བ་ལ་དགའ་བ་སྐྱེའོ། 2. ཡིད་དགའ་བས་(བང་བའི་) ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། 3. ལུས་ཤིན་ཏུ་སྦྱངས་པའི་བདེ་བ་མྱོང་བར་བྱེད་དོ། 4. བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ 5. སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བུ་བཞིན་དུ་རབ་ཏུ་ཤེས་སོ་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་ངོ་། 6. ཡང་དག་པ་ཇི་ལྟ་བ་མཐོང་བས་སྐྱེ་བར་འགྱུར་རོ། 7. སྐྱེ་ན་འདོད་ཆགས་དང་བྲལ་བར་འགྱུར་རོ། 8. འདོད་ཆགས་དང་བྲལ་ནས་རྣམ་པར་གྲོལ་བར་འགྱུར་རོ། 9. རྣམ་པར་གྲོལ་ན་བདག་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་ངོ་། +
སངས་རྒྱས་ཀྱི་བསྟན་པ་ལ།། ལུང་གི་བསྟན་པ་དང་རྟོགས་པའི་བསྟན་པ་གཉིས་ཡོད་པའི་དང་པོ་ལུང་གི་བསྟན་པ་ནི་ཆོས་བཤད་པ་དང་ཉན་པ། རྟོགས་པའི་བསྟན་པ་ནི། རྟོགས་པ་སེམས་རྒྱུད་ལ་སྐྱེས་པ་ལ་ཟེར། +
1. དབུས་སུ་འཇིགས་བྱེད་ཆེན་པོ། 2. ཤར་དུ་ལྷ་ཆེན་ཁྲོས་པ། 3. ལྷོར་འཇིགས་བྱེད་སྔོ་ནག 4. ནུབ་ཏུ་ཚངས་པ་ཁྲོས་པ། 5. བྱང་དུ་ཁྱབ་འཇུག་ཁྲོས་པ། 6. ཤར་ལྷོར་འདོད་ལྷ་ཁྲོས་པ། 7. ལྷོ་ནུབ་ཏུ་ཚོགས་བདག་ཁྲོས་པ། 8. ནུབ་བྱང་དུ་འབྲིང་གི་རི་ཏི་ཁྲོས་པ། 9. བྱང་ཤར་སྨིན་དྲུག་ཁྲོས་པའོ། +
གར་གྱི་ཉམས་དགུ་དང་དོན་གཅིག +
ཉན་ཐོས་ཀྱི་ཐེག་པ། རང་རྒྱལ་གྱི་ཐེག་པ། བྱང་སེམས་ཀྱི་ཐེག་པ། ཀྲྀ་ཡ། ཨུ་བ། ཡོ་ག མ་ཧཱ ཨ་ནུ། ཨ་ཏི་རྣམས་སོ། +
བསམ་གཏན་དང་པོའི་དངོས་གཞི་སྙོམས་འཇུག་གཉིས་པའི་དངོས་གཞི་སྙོམས་འཇུག གསུམ་པའི་དངོས་གཞི་སྙོམས་འཇུག བཞི་པའི་དངོས་གཞི་སྙོམས་འཇུག ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། སྲིད་རྩེའི་སྙོམས་འཇུག་བཞི། འགོག་པའི་སྙོམས་འཇུག་རྣམས་སོ། +
པད་མ་ཅན། དུང་ཅན། པད་མ་ཆེན་པོ་ཅན། ཆུ་སྲིན་ཅན། རུས་སྦལ་ཅན། རྔ་ཡབ་ཅན། དགའ་བ་ཅན། སྔོན་པོ། སྦྱིན་བྱེད་རྣམས་སོ། +