Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
1. དབུས་སུ་སངས་རྒྱས་གླིང་དང་། 2. ཤར་དུ་རྡོ་རྗེ་གླིང་། 3. ལྷོར་རཏྣ་གླིང་། 4. ནུབ་ཏུ་པདྨ་གླིང་། 5. བྱང་དུ་ཀརྨཱ་གླིང་། 6. ཤར་ལྷོར་ཨོ་རྒྱན་གླིང་། 7. དེ་བཞིན་བསམ་གཏན་གླིང༌། 8. ཞིག་པོ་གླིང་། 9. ཀུན་སྐྱོང་གླིང་ཞེས་རིན་ཆེན་གཏེར་སྙིང་གླིང་། +
གསང་སྔགས་རྙིང་མ་པའི་ལུགས་ཀྱི་ཡི་དམ་ལྷ་ཚོགས་ཤིག +
དོན་མེད་པའི་བསྟན་བཅོས། དོན་ལོག་པའི་བསྟན་བཅོས། དོན་དང་ལྡན་པའི་བསྟན་བཅོས། ངན་གཡོའི་བསྟན་བཅོས། བརྩེ་བྲལ་གྱི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས། ཐོས་པ་ལྷུར་ལེན་པའི་བསྟན་བཅོས། རྩོད་པ་ལྷུར་ལེན་པའི་བསྟན་བཅོས། སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས་རྣམས་སོ། དེ་དག་ལས། དྲུག་པོ་སྤང་ཞིང་དོན་དང་ལྡན་པ་དང༌། བསྒྲུབ་པར་ལྷུར་ལེན། ངན་སོང་དང་ངན་འགྲོའི་སྡུག་བསྔལ་འབྱིན་པར་བྱེད་པའི་བསྟན་བཅོས་གསུམ་ནི་བླང་བྱའོ། +
ཉན་ཐོས། རང་རྒྱལ། བྱང་སེམས། ཀྲྀ་ཡ། ཨུ་པ། ཡོ་ག མ་ཧཱ། ཨ་ནུ། ཨ་ཏི་སྟེ་གསང་སྔགས་རྙིང་མའི་ལུགས་ཀྱི་ཐེག་པ་རིམ་དགུའོ། +
1. རྒྱལ་ཐེའུ་ཁྲ་བོ། 2. དྲི་ཤ་ཁ། 3. རྐན་ཐོར་གསུམ་རྒྱལ་པོ་ལ་གནོད། 4. ལས་ཐེའུ་སྨུག་པོ། 5. ལེགས་ཐེའུ་ཁྲ་བོ། 6. ས་ཐེའུ་ནག་པོ་གསུམ་དམངས་ལ་གནོད། 7. བྲག་སྲིན། 8. ཤིང་སྲིན། 9. ཆུ་སྲིན་གསུམ་ཕྱོགས་ཕྱོགས་ལ་གནོད། དགུ་ཀའི་རྐང་པས་བཅག་པའོ། +
གཟའ་ཉི་མ་ནས་སྤེན་པའི་བར་ལ་ཚེས་གྲངས་བདུན་གཅིག་ཟེར། +
ལོ་ཙཱ་བ་དང་པཎྜྀ་ཏ་གཉིས། +
རྣམ་དབྱེ་མ་ཡིན་པའི་ཕྲད་རང་དབང་ཅན་དེ་སྒྲའི་ཕྲད་ཀྱི་འཇུག་ཚུལ་དགུ་ནི། 1. ཐ་སྙད་འདས་མ་ཐག་པ་དང་། 2. རྣམ་གྲངས་གཞན་ཅན། 3. བརྗོད་བྱའི་ལྷག་མ་འདྲེན་པ་བཅས་ཐ་སྙད་དབང་དུ་བྱས་ན་གསུམ། 4. བདེན་པའི་དངོས་པོ། 5. གསང་བའི་དངོས་པོ། 6. བདག་གི་དངོས་པོ། 7. གཞན་གྱི་དངོས་པོའམ་ཕ་རོལ་པོའི་དངོས་པོ་བཅས་དངོས་པོ་དབང་གི་བཞི་དང༌། 8. སྔར་འདས་པའི་དངོས་པོ། 9. འབྱུང་འགྱུར་མ་འོངས་པའི་དངོས་པོ་བཅས་དུས་ཀྱི་དབང་དུ་བྱས་ན་གཉིས་ཏེ་བསྡོམས་པས་དགུ་ཡོད་དོ། +
དབུས་སུ་འཛམ་བྷ་ལ་དང་ནོར་རྒྱུན་མ། ཤར་དུ་ནོར་བུ་བཟང་དང་ཟླ་འོད་མ། ལྷོར་གང་བཟང་དང་སྦྱིན་མ། ནུབ་ཏུ་གཏེར་སྦྱིན་དང་རབ་སྦྱིན་མ། བྱང་དུ་རྣམ་སྲས་དང་འཕགས་མ། ཤར་ལྷོར་ཕུར་བུའི་ཕྲེང་བ་དང་རབ་བཟང་མ། ལྷོ་ནུབ་ཏུ་རོལ་པའི་ཕྲེང་བ་དང་སྦས་མ། ནུབ་བྱང་དུ་གདོང་གི་དབང་པོ་དང་ལྷ་མོ་མཛེས་མ། བྱང་ཤར་དུ་སྤྱོད་པའི་དབང་པོ་དང་དབྱངས་ཅན་མའོ། +
ཚངས་བུག སྨིན་མཚམས། མིག རྣ་བ། སྣ། ཁ། ལྟེ་བ། ཆུ་ལམ། བཤང་ལམ་མོ། +
སྐྱེས་པ་ལ་འོས་པའི་ལུས་ངག་ཡིད་གསུམ་གྱི་རྩལ་སྣ་དགུ་ནི། མཐེབ་ཀྱིས་ཤ་ནོན་པ། ། རྐྱལ་གྱིས་ཆུ་ཆོད་པ། ཡང་རྩལ་བྱ་འདྲ་བ་སྟེ་ལུས་ཀྱི་རྩལ་གསུམ་དང་། ལོ་རྒྱུས་ཀྱིས་དགེ་ཐོན་པ། གཏམ་གྱིས་བཞད་གད་ཐོན་པ། གཤགས་ཀྱིས་ཕ་རོལ་གནོན་པ་སྟེ་ངག་གི་རྩལ་གསུམ་དང་། མཛངས་ལ་བློ་འགྱུ་པ། དཔའ་ལ་སྲན་ཚུགས་པ། ཁ་གསལ་ལ་གཏིང་མི་དཔོག་པ་སྟེ་ཡིད་ཀྱི་རྩལ་གསུམ་རྣམས་སོ། ། +
གཏམ་ཡིག་རྩིས་གསུམ། མདའ་རྡོ་མཆོང་གསུམ། བང་རྒྱལ་སྦེ་གསུམ་རྣམས་སོ། +
ཕྱག་ན་རྡོ་རྗེ་མེ་ལྕེ་སྡེ་བརྒྱད་གནད་ལ་འབེབས་པའི་ཆེ་བ་བསྣན་ན་དགུར་ཡང་གྲགས་སོ། +
བསལ་བ་ལྔ་དང་རབ་ཏུ་གྲགས་པ་མ་ཡིན་པ་བཞིའམ། +
ཁ་དང་། རྣ་བ་གཉིས། མིག་གཉིས། སྣ་ཁུང་གཉིས། བཤང་ལམ། གཅིན་ལམ་སྟེ་བུ་ག་དགུ +
1. སྟོད་ན་གུ་གེ 2. པུ་ཧྲངས། 3. མང་ཡུལ་ཏེ་གསུམ། 4. སྨད་ན་རབ་སྒང་། 5. སྨད་ཁམས་སྒང་། 6. ཚ་བ་སྒང་སྟེ་གསུམ། 7. བར་ན་དབུས། 8. གཙང་གཉིས། 9. དྭགས་ཀོང་ཡེ་མྱལ་བཞི་གཅིག་ཏུ་བསྒྲངས་པས་བོད་ཡུལ་གླིང་དགུའོ།། +
ལོ་དང་ཟླ་བ་ཞག་དང་གསུམ། ཟ་མ་སྐར་མ་དུས་ཚོད་གསུམ། སྤར་ཁ་སྨེ་བ་ལོ་ཁྱིམ་གསུམ། སྡོང་པོ་དགུ་འདུལ་ཞེས་བྱའོ། +
རང་སྣང་ལོངས་སྐུ་དང་། ཕྱེད་སྤྲུལ་ལོངས་སྐུའོ། +
ཕྱག་གཤེན་གྱི་ཐེག་པ། སྣང་གཤེན་གྱི་ཐེག་པ། འཕྲུལ་གཤེན་གྱི་ཐེག་པ། སྲིད་གཤེན་གྱི་ཐེག་པ། དགེ་གཤེན་གྱི་ཐེག་པ། དྲང་སྲོང་གི་ཐེག་པ། གཤེན་གྱི་ཨ་དཀར་གྱི་ཐེག་པ། ཡེ་གཤེན་གྱི་ཐེག་པ། ཁྱད་པར་ཆེན་པོ་མ་ཞུ་བའོ། +
1. རིག་པ་མཆོག་གི་རྒྱུད། 2. རྡོ་རྗེ་ས་འོག་གི་རྒྱུད། 3. ལག་ན་རྡོ་རྗེའི་གཟུངས། 4. ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད། 5. ལག་ན་རྡོ་རྗེ་བཅུའི་སྙིང་པོ། 6. རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས། 7. རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས། 8.རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། 9. ལག་ན་རྡོ་རྗེ་རྨི་ལམ་མཐོང་བའི་གཟུངས་སོ། +