Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཞི་བ་སྒེག་པ་དཔའ་བ་སྙིང་རྗེ་བ། རྔམ་པ་རྒོད་པ་གཤེ་བ་འཇིགས་སུ་རུང་བ་མི་སྡུག་པ་དྲག་ཤུལ་བའོ། +
1. དཔོན་རས་དར་མ་སེང་གེ 2. ཆོས་རྒྱལ་གཞོན་ནུ་སེང་གེ 3. བྱང་སེམས་ཉི་མ་སེང་གེ 4. རྒྱལ་སྲས་སེང་གེ་ཤེས་རབ། 5. སྤོས་སྐྱ་པ་སེང་གེ་རིན་ཆེན། 6. བཅུ་གསུམ་པ་སེང་གེ་རྒྱལ་པོ། 7. འཇམ་དབྱངས་ཀུན་དགའ་སེང་གེ 8. འཇམ་དབྱངས་བློ་གྲོས་སེང་གེ 9. སྤྲུལ་སྐུ་ཤེས་རབ་སེང་གེའོ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་ཉེར་གསུམ་པ་སྦྱར་བའི་རྒྱན་ནི་རྗོད་བྱེད་ཀྱི་ཚིག་གམ་སྒྲའི་གཟུཊ་གཅིག་གིས། བརྗོད་བྱ་སྦྱར་གཞི་དངོས་པོ་གཉིས་ཀྱི་ཁྱད་པར་སྦྱར་ཆོས་རྣམ་གྲངས་གཉིས་ལ་སོགས་པ་གང་རུང་ཕན་ཚུན་སྦྱར་བའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་དགུ་ནི། 1. ཚིག་ཐ་དད་མིན་པའི་སྦྱར་བ། 2. ཐ་དད་ཚིག་འདྲའི་སྦྱར་བ། 3. བྱ་བ་ཐ་དད་མིན་པའི་སྦྱར་བ། 4. བྱ་བ་འགལ་མིན་གྱི་སྦྱར་བ། 5. འགལ་བའི་ལས་ཅན་གྱི་སྦྱར་བ། 6. ངེས་པ་ཅན་གྱི་སྦྱར་བ། 7. ངེས་པ་འགོག་པའི་སྦྱར་བ། 8. འགལ་མིན་གྱི་སྦྱར་བ། 9. འགལ་བ་ཅན་གྱི་སྦྱར་བ་བཅས་སོ། +
1. རྣམ་པར་བསྔོས་པའི་འདུ་ཤེས། 2. རྣམ་པར་རྣགས་པའི་འདུ་ཤེས། 3. རྣམ་པར་འབུས་གཞིག་པའི་འདུ་ཤེས། 4. རྣམ་པར་བམ་པའི་ (འབོར་བའི་) འདུས་ཤེས། 5. རྣམ་པར་དམད་པའི་འདུ་ཤེས། 6. རྣམ་པར་ཐོས་པའི་འདུ་ཤེས། 7. རྣམ་པར་ཚིག་པའི་འདུ་ཤེས། 8. རྣམ་པར་འཐོར་བའི་འདུ་ཤེས། 9. རུས་གོང་གི་འདུ་ཤེས། +
སྲོག གང་ཟག སྡོམ་པ། ངེས་པར་རྒ་བ། འཆིང་བ། ལས། སྡིག་པ། བསོད་ནམས། ཐར་བའོ། +
མི་ལུས་ཀྱི་སྣ་ཁུང་གཉིས། རྣ་ཁུང་གཉིས། མིག་གཉིས། ཁ། གཅིན་ལམ། བཤང་ལམ་བཅས་དགུ་ནས་རྒྱུན་དུ་མི་གཙང་བ་ཐོན་རྒྱུ་ཡོད་པས་མིང་ལ་རྨ་སྒོ་ཟེར། +
གཅིག་དཀར། གཉིས་ནག གསུམ་མཐིང་། བཞི་ལྗང་། ལྔ་སེར། དྲུག་དཀར། བདུན་དམར། བརྒྱད་དཀར། དགུ་སྨུག +
དབུ་མ་པ་སོགས་པའི་རྩ་གསུམ་དང་འཁོར་ལོ་དྲུག་སྟེ་དགུ +
དབུ་མ་བ་དང་སེམས་ཙམ་པ་གཉིས་སམ། ཟབ་མོ་ལྟ་བའི་སྲོལ་དང་རྒྱ་ཆེན་སྤྱོད་པའི་སྲོལ་གཉིས། +
ལེགས་སྦྱར་ཡི་གེའི་རྩ་བའི་དབྱངས་དགུ་སྟེ་ཨ་ཨི་ཨུ་རཱྀ་ལཱྀ ཨེ་ཨེེཨོ་ཨོོ་བཅས་སོ། +
ཁམས་བསྟན་པ། དབང་པོ་བསྟན་པ། འཇིག་རྟེན་བསྟན་པ། ལས་བསྟན་པ། ཕྲ་རྒྱས་བསྟན་པ། ལམ་དང་གང་ཟག་བསྟན་པ། ཡེ་ཤེས་བསྟན་པ། སྙོམས་པར་འཇུག་པ་བསྟན་པ། གང་ཟག་དགག་པ་བསྟན་པ། +
1. སྐྱེ་བ་གནས་སུ་དག་པས་མཉེན་པ། 2. ན་བ་གནས་སུ་དག་པས་ལྕུག་པ། 3. འཆི་བ་གནས་སུ་དག་པས་འཁྲིལ་བག་ཆགས་པ། དྲང་ཞིང་ལྡེམ་པ། 4. རྒ་བ་གནས་སུ་དག་པས་གཞོན་ཚུལ་ཅན། 5. མཚན་དཔེས་བརྒྱན་པ། 6. གསལ་བ། 7. ཟད་པར་རྫོགས་པས་འཚེར་བ། 8. ཡིད་དུ་འོང་བས་ལྷུན་སྡུག་པ། 9. འགྲོ་བ་ཟིལ་གྱིས་གནོན་པས་གཟི་བརྗིད་དང་ལྡན་པའོ། +
ཟླ་བ་དགུ་དང་ཉིན་བཅུ་སྟེ་སྔར་གྱི་བཤད་སྲོལ་ལྟར་བུ་ཕྲུག་མའི་མངལ་དུ་སྡོད་པའི་དུས་ཡུན། +
1. མཛེས་ཤིང་སྒེག་པའི་ཉམས། 2. བརྗིད་ཅིང་དཔའ་པའི་ཉམས། 3. ཡིད་དུ་མི་འོང་ཞིང་མི་སྡུག་པའི་ཉམས། 4. ཡ་མཚན་ཞིང་རྒོད་བྲོ་བའི་ཉམས། 5. དབང་བཙན་ཞིང་དྲག་ཤུལ་གྱི་ཉམས། 6. མཐོང་བ་དང་ཐོས་པ་ཙམ་གྱིས་དངངས་ཤིང་འཇིགས་པའི་ཉམས། 7. སྡུག་བསྔལ་གྱིས་ཉམ་ཐག་ཅིང་སྙིང་རྗེ་བའི་ཉམས། 8. འདོད་པ་ལ་རྔམས་ཤིང་ཆགས་པའི་ཉམས། 9. དུལ་ཞིང་འཇམ་ལ་ཞི་བའི་ཉམས་བཅས་དགུ་ཡོད་པའི་ནང་ཚན། དང་པོ་གསུམ་ནི། ལུས་ཀྱི་རྣམ་འགྱུར་རྐྱང་པ་དང་། རྗེས་མ་དྲུག་པོ་དེ་ལ་ལུས་ངག་ཡིད་གསུམ་ཀའི་རྣམ་འགྱུར་ཡོད། +
གཟའ་བརྒྱད་ཀྱི་སྟེང་དུ་དུ་བ་མཇུག་རིང་བསྣན་པའོ། ཉི་མ་དང༌། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན། དུ་བ་མཇུག་རིང་སྟེ་གཟའ་དགུ +
ལྷུན་པོ། གསེར་གྱི་རི་བདུན། ཁོར་ཡུག་གི་ལྕགས་རིའོ། +
1. ལང་བཀུར། 2. ཡབ་ལྷ་ཆེན་རྒྱལ་བ། 3. དེའི་ཡབ་ལྷ་ཆེན་དབང་པོ། 4. དེའི་ཡབ་ལྷ་ཆེན་འཁོར་ལོ། 5. དེའི་ཡབ་ལྷ་ཆེན་དུང་སྐྱོང་། 6. དེའི་ཡབ་ལྷ་ཆེན་དྲི་མེད། 7. དེའི་ཡབ་ལྷ་ཆེན་གཤེད་ཆུང་། 8. དེའི་ཡབ་ལྷ་ཆེན་བཟང་པོ། 9.དེའི་ཡབ་ལྷ་ཆེན་བཟང་ཡབ་སྟེ་དགུའོ། +
རྒྱ་གར་གྱི་གྲུབ་ཆེན་ཏེ་ལོ་བ་ཤེས་རབ་བཟང་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོས་གཟུགས་མེད་པའི་སྐད་ཀྱི་ཐོག་ནས་བསྟན་པ་ལྟར། 1. སྨིན་གྲོལ་སེམས་ཀྱི་རྒྱ་མདུད། 2. སྤྱོད་པ་ཆུ་ལ་རལ་གྲི 3. དམ་ཚིག་རང་སེམས་མེ་ལོང་། 4. དམ་རྫས་རྟོགས་པའི་ཉི་མ། 5. རོ་སྙོམས་སྤྱི་ཡི་མེ་ལོང་། 6. བདེ་ཆེན་གསུང་གི་རིན་ཆེན། 7. རྩ་རླུང་དྲ་མིག་འཁོར་ལོ། 8. རང་གྲོལ་ཕྱག་རྒྱ་ཆེན་པོ། 9. རིག་པ་ཡེ་ཤེས་སྒྲོན་མེ་བཅས་སོ། +
སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་རྣམ་གཉིས། +
ཡོངས་གྲགས་སུ་ཁམས་གསུམ་ས་དགུ་ཟེར། 1 ཡི་དྭགས་བྱོལ་སོང་བྱིང་གི་ས། 2. ལྟུང་བ་ཡོད་པ་དམྱལ་བའི་ས། 3. བསོད་ནམས་གྲུབ་པ་མི་ཡི་ས། 4. ཀུན་ཏུ་གཡོ་བ་རླུང་གི་ས། 5. མཐོ་རིས་གོ་འཕང་ལྷ་ཡི་ས། 6. གཞལ་ཡས་རིན་ཆེན་བཀོད་པའི་ས། 7. མཚན་ནི་བརྟན་པ་སྤྲིན་གྱི་ས། 8. དྲི་མེད་ཡེ་ཤེས་ངར་ལྡན་ས། 9. མིང་གི་མཚོན་པ་སྐྱེ་མེད་སའོ། དེ་ཡང་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གསུམ་བོ་དེ་དག་ས་དགུ་ཡིན་ཏེ། འདོད་ཁམས་ལུས་འཚོ་བའི་ཟས་འདོད། མཐུན་པའི་གྲོགས་འདོད། བརྟེན་པའི་གནས་འདོད་པ་ཙམ་དུ་མཐུན་པས་ན་གཅིག་གོ གཟུགས་ཁམས་བསམ་གཏན་བཞི་རྣམས་ཁམས་གཅིག་ཀྱང་དགའ་བདེའི་བསམ་པ་མི་འདྲ་བས་དེ་དག་ལ་རེ་རེ་སྟེ་བཞིའོ། གཟུགས་མེད་སྐྱེ་མཆེད་མུ་བཞི་ལ། སྙོམ་འཇུག་གི་རིམ་པ་ཁྱད་པར་མི་འདྲ་བས་ས་བཞི་སྟེ་དགུའོ། +