Property:Tibetan-Definition
Jump to navigation
Jump to search
This is a property of type Text.
D
ཐུན་མོང་མ་ཡིན་པའི་རྒྱན་བཅུ་དང་དོན་གཅིག +
1. སྦྱར་བ། 2. རབ་དྭངས། 3 མཉམ་ཉིད། 4 སྙན་པ། 5. ཤིན་ཏུ་གཞོན་པ། 6. དོན་གསལ། 7. རྒྱ་ཆེ་བ། 8. བརྗིད་པ། 9. མཛེས་པ། 10. ཏིང་ངེ་འཛིན། +
གྲྭ་པ་དང་མི་སྐྱ་གཉིས། +
1. ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པས་དུལ་བ། 2. ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པས་ཞི་བ། 3. ལྷག་པའི་ཤེས་རབ་གྱི་བསླབ་པས་ཉེ་བར་ཞི་བ། 4. ལུང་གི་ཡོན་ཏན་གྱིས་ཕྱུག་པ། 5. སྟོང་བ་ཉིད་རྟོགས་པ། 6. སློབ་མ་ལས་ཡོན་ཏན་ལྷག་པ། 7. སྨྲ་མཁས་པ། 8. བརྩེ་བ་དང་ལྡན་པ། 9. བརྩོན་འགྲུས་དང་ལྡན་པ། 10. སྐྱོ་ངལ་སྤང་བའོ། +
མིའི་གླིང་བཞི། འདོད་ལྷ་རིགས་དྲུག་གོ +
རང་འབྱོར་ལྔ་དང་གཞན་འབྱོར་ལྔ་སྟེ། རང་འབྱོར་ལྔ་ནི། མི་ཡིན་པ། ཡུལ་དབུས་སུ་སྐྱེ་པ། དབང་པོ་ཚང་བ། ལས་ཀྱི་མཐའ་མ་ལོག་པ། གནས་ལ་དད་པའོ། གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་སྟོན་པ། བསྟན་པ་གནས་པ། དེའི་རྗེས་སུ་འཇུག་པ། གཞན་གྱིས་སྙིང་བརྩེ་བ་རྣམས་སོ། +
སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། བླ་མ་ཡོངས་བཟུང་གི་རྒྱུད་ལས། གནས་དང་དུས་དང་ལྷ་དང་སྔགས། བགྲང་ཕྲེང་ཕྱག་རྒྱ་སྦྱིན་བསྲེག་དང་། ། དབང་བསྐུར་དང་ནི་རབ་གནས་ཀྱི། དེ་ཉིད་བཅུ་ནི་ཡོངས་སུ་ཤེས་ཞེས་དང་། དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་ནི། རིན་ཆེན་འབར་བ་ལས། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང༌། ལྷ་དང་དཀྱིལ་འཁོར་སྦྱིན་བསྲེག་དང༌། སྔགས་དང་རྡུལ་ཚོན་གཏོར་མ་དང་། དབང་བསྐུར་དེ་ཉིད་བཅུ་པའོ། ཞེས་སོ། +
སྟོབས་བཅུ་དང་དོན་གཅིག +
1. གུ་གུལ་དཀར་པོ་སྲང་དོ། 2. ཐལ་ཀ་རྡོ་རྗེ་སྲང་གང་། 3. སོ་མ་ར་ཛ་སྲང་གང་། 4. རུ་རྟ་སྲང་གང་། 5. བ་ཤ་ཀ་སྲང་གང་། 6. ཨ་རུ་ར་སྲང་གང་། 7. བ་རུ་ར་སྲང་གང་། 8. སྐྱུ་རུ་ར་སྲང་གང་། 9. སླེ་ཏྲེས(ཤུན་པ་དང་ཚིགས་འདོར་བ) སྲང་གང་། 10. བྲག་ཞུན་སྲང་གང་། +
མེ་ཏོག འཕྲེང་བ། སྤོས། ཤུག་པ། ཕྱེ་མ། ན་བཟའ། རྒྱན། གདུགས། རྒྱལ་མཚན། བ་དན་ནོ། +
དོན་རྒྱན་སུམ་ཅུ་སོ་ལྔའི་ནང་གསེས་བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་ནི་སྒྲ་དོན་གང་རུང་གི་སྒོ་ནས་དཔེ་དང་དོན་གཉིས་མཚུངས་པར་གྱུར་པ་ལས་སླར་ཁྱད་ཆོས་འདྲ་མིན་གཞན་ཞིག་གི་སྒོ་ནས་མི་མཚུངས་པར་དབྱེ་བ་འབྱེད་པའི་རྒྱན་ཞིག་སྟེ། དེའི་ནང་གསེས་རྣམ་གྲངས་བཅུ་ནི། 1. གཅིག་གི་ལྡོག་པ་ཅན། 2. གཉིས་ཀྱི་ལྡོག་པ་ཅན། 3. སྦྱར་བའི་ལྡོག་པ་ཅན། 4. འགོག་པའི་ལྡོག་པ་ཅན། 5. གཏན་ཚིགས་ཀྱི་ལྡོག་པ་ཅན། 6. རྟེན་གྱི་ལྡོག་པ་ཅན། 7. དཔེ་ལས་དཔེ་ཅན་ལྷག་པའི་ལྡོག་པ་ཅན། 8. མཚུངས་ཆོས་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན། 9. མཚུངས་ཆོས་ཤུགས་དང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན། 10. རིགས་མཐུན་འབྱེད་པའི་ལྡོག་པ་ཅན་བཅས་སོ། +
མི་དགེ་བ་བཅུ་དང་དོན་གཅིག +
རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བཤད་པའི་སྐབས་ཀྱི་ནང་གི་དེ་ཉིད་བཅུ་ནི། ཕྱིར་ཟློག་གཉིས། དབང་བཞི་བསྐུར་བ། ཁ་སྦྱོར་དབྱེ་བ། གཏོར་མ། རྡོ་རྗེའི་བཟླས་པ། དྲག་ཤུལ་སྒྲུབ་པ། རབ་གནས་དཀྱིལ་འཁོར་སྒྲུབ་པ། མཆོད་སྟོད་བྱ་བ། བདག་འཇུག་ལེན་ཞིང༌རྗེས་སུ་གནང་བ་རྣམས་སོ། +
གསང་སྔགས་གསར་མ་དང་གསང་སྔགས་རྙིང་མ། +
རྣམ་དབྱེ་མ་ཡིན་པའི་ཕྲད་རང་དབང་ཅན་ནི་སྒྲའི་ཕྲད་དོན་བཅུ་ལ་འཇུག་ཚུལ་ནི། 1. དགར་བ་དང༌། 2. བསྣན་པ། 3. ཁ་སྐོང་བ། 4. ཚིག་རྒྱན་གསལ་བྱེད། 5. གཏན་ཚིགས་འདྲེན་པ། 6. ངེས་ཚིག་འདྲེན་པ། 7. དབྱེ་བ་འདྲེན་པ། 8. རྒྱས་བཤད་འདྲེན་པ། 9. ཉིད་ཀྱི་དོན། 10. དངོས་པོའི་རྐྱེན། +
འདུལ་བ་ལས་བཤད་པའི་གནས་ཀྱི་བླ་མའི་མཚན་ཉིད་བཅུ་ནི། བསྟན་པ། མཁས་པ། ལུས་ཐ་མལ་དུ་གནས་པ། ས་རང་བཞིན་དུ་གནས་པ། སྙིང་རྗེ་དང་ལྡན་པ། བཟོད་པ་དང་ལྡན་པ། ནང་གི་འཁོན་དག་པ། ཆོས་ཀྱི་ཕན་འདོགས་པ། ཟང་ཟིང་གིས་ཕན་འདོགས་པ། དུས་སུ་གདམས་ངག་འདོམས་པ་རྣམས་སོ། +
1. ནམ་མཁའ། 2. རླུང་། 3. མེ། 4. ཆུ། 5. ས། 6. བརྟན་པ། 7. གཡོ་བ། 8. གཟུགས་མེད་པའི་ཁམས། 3. ཉི་མ། 10. ཟླ་བ། རྣམ་བཅུ་ནི། སྣ་ཚོགས་པདྨ་ཉི་མ་ཟླ་བ་དང་། སྒྲ་གཅན་དུས་མེ་ལ་སོགས་གདན་གྱི་སྟེང་།རླུང་ཁམས་ཡ་ལྗང་ར་དམར་མེ་ཡི་ཁམས། ཝ་དཀར་ལྕགས་ཁམས་ལ་སེར་ས་ཡི་ཁམས། མ་ནི་སྣ་ཚོགས་ཁམས་ལས་གྲུབ་པ་སྟེ། ཀྵ་ནི་ཆོས་ཀྱི་བདག་མེད་རྟོགས་གྱུར་པ། དེ་སྟེང་ཧམ་དཀར་སྐྱེ་མེད་ཆོས་སྟོན་པ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དཀར། དེ་སྟེང་མེ་ཤེལ་ལས་གྲུབ་ཉི་མ་དམར། ནཱ་ད་སྔོན་པོ་དུ་བའི་མདོག་ཅན་སོ། སྤྲིན་རིས་སྨུག་པོ་པདྨའི་ཚལ་དང་མཉམ། ཡིག་རྐང་མང་ཉུང་རྒྱ་གར་ཡུལ་རིགས་ཁྱད་ཅེས་བྱུང་ངོ་། +
ངོ་བོ་མེད་པར་རྟོག་པ། ངོ་བོར་རྟོག་པ། སྒྲོ་འདོགས་པའི་རྟོག་པ། སྐུར་བ་འདེབས་པའི་རྟོག་པ། གཅིག་ཏུ་རྟོག་པ། ཐ་དད་དུ་རྟོག་པ། ངོ་བོ་ཉིད་དུ་རྟོག་པ། ཁྱད་པར་དུ་རྟོག་པ། མིང་ཇི་ལྟ་བ་བཞིན་དུ་དོན་རྟོག་པ། དོན་ཇི་ལྟ་བ་བཞིན་དུ་མིང་རྟོག་པའོ། +
རྒྱ་བྱིའུ་ཆེན་པོ་ལྕགས་ཀྱི་ཆས་དང་། བསེ་ཁྲབ་དབང་གི་ཆས། གཅན་གཟན་གཟིག་གི་ཆས། སྤྲུལ་སྐུ་རྡོ་རྗེའི་ཆས། གདུག་པ་སྦྲུལ་གྱི་ཆས། དཔའ་བོ་སྟག་གི་ཆས། གཟི་མདངས་ཞིང་ལྤགས་ཀྱི་ཆས། དམར་གསལ་ཁྲག་གི་ཆས། རྩལ་ཆེན་སེང་གེའི་ཆས། གཏུམ་པ་དོམ་གྱི་ཆས་ཞེས་གསུངས་སོ། དེ་ལྟར་སྒྱུ་འཕྲུལ་རྔམ་གློག་ལྟར་ན་དཔལ་གྱི་ཆས་བརྒྱད། བཀའ་བརྒྱུད་ལྟར་ན། དཔལ་གྱི་ཆས་བཅུའོ། +
ཆོས་མཐུན་པ་ལྟར་སྣང་བ་ལྔ་དང་ཆོས་མི་མཐུན་པ་ལྟར་སྣང་བ་ལྔ་སྟེ། 1. སྒྲུབ་པར་བྱེད་པའི་ཆོས་མ་གྲུབ་པ་དང༌། 2. བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ། 3.གཉིས་ཀའི་ཆོས་མ་གྲུབ་པ། 4. རྗེས་སུ་འགྲོ་བ་མེད་པ། 5. རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པ། 6. སྒྲུབ་པར་བྱེད་པ་ཕྱིན་ཅི་ལོག་པ། 7. བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་པ། 8. གཉིས་ཀ་ལྡོག་པ་མེད་པ། 9. ལྡོག་པ་མེད་པ། 10. ལྡོག་པ་ཕྱིན་ཅི་ལོག་པ་བཅས་སོ། +