Property:Tibetan-Definition

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search

This is a property of type Text.

Showing 20 pages using this property.
D
སྦྱིན་པ་དང༌། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟེང་དུ་ཐབས་མཁས་ཀྱི་ཕར་ཕྱིན་དང་། སྟོབས་ཀྱི་ཕར་ཕྱིན། སྨོན་ལམ་གྱི་ཕར་ཕྱིན། ཡེ་ཤེས་ཀྱི་ཕར་ཕྱིན་ཏེ་བཞི་བསྣན་པས་བཅུའོ།  +
རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བཤད་པའི་སྐབས་ཀྱི་ཕྱིའི་དེ་ཉིད་བཅུ་ནི། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་དཀྱིལ་འཁོར། དང་པོ་སྦྱོར་བ་སོགས་ཀྱི་ཏིང་ངེ་འཛིན། ལྷ་ལ་རྒྱས་འདེབས་པའི་ཕྱག་རྒྱ། སྟངས་སྟབས། འདུག་སྟངས། ལས་ལ་སྦྱོར་བ། སླར་བསྡུ་པ། བཟླས་བརྗོད། སྦྱིན་སྲེགམཆོད་པ་རྣམས་སོ།  +
1. ཤར་དུ་བརྒྱ་བྱིན། 2. ལྷོར་གཤིན་རྗེ། 3. ནུབ་ཏུ་ཆུ་ལྷ། 4. བྱང་དུ་གནོད་སྦྱིན། 5. ཤར་ལྷོར་མེ་ལྷ། 6. ལྷོ་ནུབ་ཏུ་སྲིན་པོ། 7. ནུབ་བྱང་དུ་རླུང་ལྷ། 8. བྱང་ཤར་དུ་དབང་ལྡན། 9. སྟེང་དུ་ཉི་མ། 10. འོག་ཏུ་སའི་ལྷ་མོའོ།  +
ཤར་དང་ཤར་ལྷོ་སོགས་བརྒྱད་དང་སྟེང་འོག་གི་ཕྱོགས་གཉིས་དང་བཅུ།  +
བསམ་པ་ཀུན་སློང་དང་སྦྱོར་བ་ལག་ལེན།  +
1.ཤར་ཕྱོགས་སངས་རྒྱས་རིན་ཆེན་འབྱུང་གནས། 2. ལྷོ་ཕྱོགས་སངས་རྒྱས་མྱ་ངན་མེད་པའི་དཔལ། 3. ནུབ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འོད་འཕྲོ། 4. བྱང་ཕྱོགས་ཀྱི་སངས་རྒྱས་རྒྱལ་བའི་དབང་པོ། 5. ཤར་ལྷོའི་སངས་རྒྱས་པད་མོ་དམ་པའི་དཔལ། 6. ལྷོ་ནུབ་ཀྱི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། 7. ནུབ་བྱང་གི་སངས་རྒྱས་གདུག་དམ་པ། 8. བྱང་ཤར་གྱི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ། 9. སྟེང་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ། 10. འོག་ཕྱོགས་ཀྱི་སངས་རྒྱས་པད་མོའི་དཔལ་ལོ།  +
ཡུམ་གྱི་སྐབས་སུ། བུམ་པའི་ཆས་བཅུ་ནི། ཇི་སྐད་དུ། བུམ་དབང་ཆས་བཅུ་མ་འཛོམས་ན། ཡེ་ཤེས་སེམས་དཔའ་ཕེབས་མི་འགྱུར། རྒྱུའི་རྣམ་པར་མི་རྟོག་པས། སྔགས་སྒོ་ཅུང་ཙམ་མ་མཐོང་ངོ༌། 1. གྲུབ་པར་བྱེད་པ་ཚོགས་འཁོར་ཆས། 2. བཀོལ་ཉན་དུས་རུང་འཁོར་གྱི་ཆས། ། 3. བར་ཆད་བསྲུངས་པ་མཚམས་ཀྱི་ཆས། 4. ལ་ཉེ་བརྟགས་པ་སྟ་གོན་ཆས། 5. དམིགས་རྟེན་བཅའ་བ་དམ་གྱི་ཆས། 6. ཞུ་སྤོབས་ལྡན་པ་ལས་ཀྱི་ཆས། 7. ཡོན་ཏན་འཛོམ་པ་ཡུམ་གྱི་ཆས། 8. ཕྱག་རྒྱ་བསྒྱུར་བ་གར་གྱི་ཆས། 9. སྟངས་སྟབས་འགྱིང་བ་གིང་གི་ཆས 10. བྱེ་བྲག་ཕྱེད་པ་རོལ་མོའི་ཆས། ཐོས་ཆུང་རྨོངས་པས་གནད་མི་ཤེས། གསང་སྔགས་མཁན་པོ་ལག་ལེན་རྡུག་ཞེས་གསུངས་སོ།  +
1. བསམ་པའི་སྟོབས། 2. ལྷག་པའི་བསམ་པའི་སྟོབས། 3. སྦྱོར་བའི་སྟོབས། 4. ཤེས་རབ་ཀྱི་སྟོབས། 5. སྨོན་ལམ་གྱི་སྟོབས། 6. ཐེག་པའི་སྟོབས། 7. སྤྱོད་པའི་སྟོབས། 8. རྣམ་པར་འཕྲུལ་བའི་སྟོབས། 9. བྱང་ཆུབ་ཀྱི་སྟོབས། 10. ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སྟོབས།  +
1. སེམས་ལ་དབང་བ། 2. ཡོ་བྱད་ལ་དབང་བ། 3. ཚེ་ལ་དབང་བ། 4. ལས་ལ་དབང་བ། 5. སྐྱེ་བ་ལ་དབང་བ། 6. མོས་པ་ལ་དབང་བ། 7. ཆོས་ལ་དབང་བ། 8. སྨོན་ལམ་ལ་དབང་བ། 9. རྫུ་འཕྲུལ་ལ་དབང་བ། 10. ཡེ་ཤེས་ལ་དབང་བ།  +
ས་བཅུ་དང་དོན་གཅིག  +
རྫས《ཀྱི་དངོས་པོ)དང༌། ཡོན་ཏན(གྱི་དངོས་པོ།》ལས། སྤྱི། བྱེ་བྲག འདུ་བ། ནུས་པ། ནུས་པ་མེད་པ། འདྲ་བ། མ་བྱུང་བ།  +
ཚེ་ལ་དབང་བ། སེམས་ལ་དབང་བ། ཡོ་བྱད་ལ་དབང་བ། ལས་ལ་དབང་བ། མོས་པ་ལ་དབང་བ། སྐྱེ་བ་ལ་དབང་བ། སྨོན་ལམ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཡེ་ཤེས་ལ་དབང་བ། ཆོས་ལ་དབང་བ་རྣམས་སོ།  +
མི་ཉིད་ཡིན་པ་དང༌། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། སྡེ་སྣོད་གསུམ་ལ་དད་པ་སྟེ་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་པ་དང་། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པའི་རྗེས་སུ་འཇུག་པ། ཆོས་ཀྱི་མཐུན་རྐྱེན་ཚང་བ་སྟེ་གཞན་འབྱོར་ལྔ་བཅས་བསྡོམས་པས་བཅུའོ།  +
སྲོག་གཅོད། མ་བྱིན་ལེན། འདོད་ལོག་སྤྱོད། རྫུན་དུ་སྨྲ་བ། ཕྲ་མ། ཚིག་རྩུབ། ངག་ཀྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་སྟེ་བཅུ།  +
1. རྒྱ་བྱིའུ་ལྕགས་ཀྱི་རྒྱལ་མཚན། 2. གདུལ་བྱ་ཤ་བའི་རྒྱལ་མཚན། 3. གཅན་གཟན་གཟིག་གི་རྒྱལ་མཚན། 4. སྤྲུལ་སྐུ་རྡོ་རྗེའི་རྒྱལ་མཚན། 5. རིན་ཆེན་སྦྲུལ་ནག་གི་རྒྱལ་མཚན། 6. དཔའ་བོ་སྟག་གི་རྒྱལ་མཚན། 7. གཟི་མདངས་མིའི་རྒྱལ་མཚན། 8. དམར་གསལ་ཁྲག་གི་རྒྱལ་མཚན། 9. རྩལ་ཆེན་སེང་གེའི་རྒྱལ་མཚན། 10. གཏུམ་པ་དོམ་གྱི་རྒྱལ་མཚན།  +
(གང་)ལག་པ་གཉིས་བརྐྱངས་པའི་ཚད་དམ་ཁྲུ་བཞི་ལ་གཞུ་སྟེ་འདོམ་གཅིག  +
ཚུལ་ཁྲིམས་ཀྱི་བསླབ་པ་མ་གཏོགས་པའི་ཏིང་ངེ་འཛིན་གྱི་བསླབ་པ་དང་ཤེས་རབ་ཀྱི་བསླབ་པ་གཉིས་སམ།  +
1. ཤར་ཕྱོགས་དྲི་ཟའི་གདོན། 2. ཤར་ལྷོ་མེ་ལྷའི་གདོན། 3. ལྷོ་ཕྱོགས་གཤིན་རྗེའི་གདོན། 4. ལྷོ་ནུབ་སྲིན་པོའི་གདོན། 5. ནུབ་ཕྱོགས་ཀླུའི་གདོན། 6. ནུབ་བྱང་རླུང་ལྷའི་གདོན། 7. བྱང་ཕྱོགས་གནོད་སྦྱིན་གྱི་གདོན། 8. བྱང་ཤར་དབང་ལྡན་གྱི་གདོན། 9. སྟེང་ཕྱོགས་ལྷའི་གདོན། 10. འོག་ཕྱོགས་ས་བདག་གི་གདོན་ནོ། ཡང་ན། 1. ལྷའི་གདོན་དང༌། 2. ལྷ་མ་ཡིན་གྱི་གདོན་ 3. གནོད་སྦྱིན་གྱི་གདོན། 4. ལྟོ་འཕྱེ་ཆེན་པོའི་གདོན། 5. ནམ་མཁའ་ལྡིང་གི་གདོན། 6. ཀླུའི་གདོན། 7. སྲུལ་པོའི་གདོན། 8. དྲི་ཟའི་གདོན། 9. སྲིན་པོའི་གདོན་སོགས་སོ།  +
1. <དེ> ཡི་སྐལ་བཟང་འཕྲོག་བྱེད། 2. <དེ> ཡི་མཛེས་པ་ཟུམ་བྱེད། 3. <དེ> དང་འགྲན་ལས་ཚར་གཅོད་པ། 4. <དེ> ལས་ལྷག་པར་མཛེས་པ། 5. <དེ> ཡི་རྗེས་སུ་རྐང་པ་འཇོག་པ། 6. <དེ> ཡི་ནུས་པ་ལ་འཇུག་པ། 7. <དེ> ཡི་རྗེས་སུ་འགྲོ་བ། 8. <དེ> ཡི་རྗེས་སུ་འཆིང་བ། 9. <དེ> ཡི་ངང་ཚུལ་འགོག་པ། 10. <དེ> ཡི་རྗེས་སུ་བྱེད་པ།  +
1. སྤྱི་བོ་འཁོར་ལོ། 2. རིན་ཆེན་རྩེ་ཕྲན་ལྔ། 3. རྣ་ཆ་གཡས་གཡོན། 4. མགུལ་གྱི་ཕྲེང་བ་དང་། 5. ཚངས་སྐུད། 6. ཕྱག་གདུབ། 7.དཔུང་རྒྱན། 8. སྐེ་རགས་དང་། 9. རུས་པའི་རྒྱན་དྲུག་ 10. སྟོད་གཡོགས་ཆས་བཅུའི་དབང་ཞེས་སོ།  +