4846

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:41, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཁྲེགས་ཆོད་ལས་དབང་པོ་ཐ་མའི་ཞི་གནས་བསྒོམ་པའི་རིམ་པ་གསུམ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གཅིག་པ་ཁྲེགས་ཆོད་སྒོམ་པའི་རིམ་པ་ལས་བྱུང་བ་སྟེ། ༡ རྣམ་རྟོག་འདུལ་བ་བསྟན་པ་ནི། དེ་ལྟར་ལྟ་བ་གཏན་ཕབ་བསྒོམ་པའི་ཚུལ། །དབེན་པར་རླུང་བགྲངས་ཁ་དོག་དབྱིབས་སེམས་འཛིན། །ཞེས་དེ་ལྟར་ལྟ་བ་གཏན་ལ་ཕབ་ནས་བསྒོམ་པ་ལ་བསམ་གཏན་གྱི་ཚེར་མ་སྐྱེ་བོའི་འཚེ་བ་དང་འདུ་འཛི་དང་ཀླག་ཅོར་ལ་སོགས་པ་མེད་པའི་གནས་རང་བཞིན་གྱིས་ཡིད་འཛིན་པར་སྟན་བདེ་བ་ལ་འདུག་ཅིང་སྐྱིལ་ཀྲུང་བཅས་ནས་ལག་པ་པུས་མོ་ལ་བཀབ་སྟེ། རྩ་གསུམ་གསལ་བའི་རོ་མ་དཀར་པོ་ནས་སྣ་བུག་གཡས་ལ་རླུང་ཕྱིར་སོང་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲོ་ཁང་ནས་དུ་བ་སོང་བ་ལྟར་སངས། ནང་དུ་འཇུག་དུས་སངས་རྒྱས་ལ་སོགས་པའི་ཏིང་ངེ་འཛིན་འོད་དུ་གྱུར་པ་སྣ་བུག་གཡོན་ནས་རྐྱང་མ་དམར་པོའི་ནང་དུ་ཞུགས་ཏེ་དབུ་མའི་ནང་དུ་ཐིམ་པར་བསམས་ལ་དར་ཅིག་ཤུབ་ཐང་དུ་སྟེང་འོག་གི་རླུང་ཁ་སྦྱོར་ལ་གཟུང་། ཡང་དལ་བུས་སྔ་མ་བཞིན་བཏང་ལ་ལྷག་ཅུང་ཟད་རེ་བཟུང་། རླུང་གི་ཁ་དོག་ནི་དཔྱིད་གསུམ་རླུང་བད་ཀན་གྱིས་འཐིབས་པའི་དུས་ཏེ་དེའི་གཉེན་པོར་རླུང་གི་རླུང་ལྗང་གུ། དབྱར་གསུམ་མེའི་ཚ་བ་བསལ་བའི་ཕྱིར་ཆུ་རླུང་དཀར་པོ། སྟོན་གསུམ་མཁྲིས་པ་གཡོ་བ་བསལ་བའི་ཕྱིར་ས་རླུང་སེར་པོ། དགུན་གསུམ་གྲང་བ་ཆུའི་གཉེན་པོར་མེའི་རླུང་དམར་བསྒོམ་མོ། །དབྱིབས་ནི་སྙིང་ནང་དུ་རླུང་སེམས་ཀྱི་དྭངས་མ་གཞུ་ལྟ་བུ་དང་། གྲུ་གསུམ་པ་དང་། ཟླུམ་པོ་དང་། གྲུ་བཞི་པ་རྣམས་བསྒོམ་ཞིང་། དེ་དང་མཐུན་པའི་རེག་བྱ་ཅན་ནོ། །གྲངས་ནི་ཁུག་པ་བདུན་ཚུན་ཆད་ཡིད་ཀྱིས་བྱའོ། །དེའང་ལས་དང་པོ་བས་རླུང་དེ་སྣ་བུག་ནས་ཁྲུ་བཞི་ལ་སོགས་པ་ནས་ཇེ་ཆེ་ཇེ་རིང་སྟོང་གསུམ་ལ་སོགས་པའི་བར་དུ་སྤྲོ་ཞིང་། དེ་ལས་གཞན་གང་ལའང་ཡིད་མ་ཡེངས་པར་བྱའོ། །ཁམས་འདུས་པའི་ཚེ་ནང་དུ་མ་ལུས་པར་ཧ་དྲག་པོས་ཕྱིར་འཕངས་པས་སེལ་ལ། བདེ་བ་དང་དང་བ་སྐྱེས་པ་ལ་སོགས་པའི་དུས་སུ་ནང་དུ་གཟུང་ངོ་། །དེའང་རླུང་ལ་ཉིན་ཞག་འགར་སྦྱངས་པས་སེམས་གསལ་དྭངས་གང་དུའང་མི་རྟོག་པའི་ཞི་གནས་སྐྱེ་སྟེ། དེའི་ཚེ་རགས་པའི་རླུང་རྒྱུ་བ་མེད་ཅིང་སེམས་རྟོག་པ་མེད་པ་ན་རོ་རྐྱང་གི་དྭངས་མ་དཀར་དམར་ཉི་ཟླའི་ཆ་མི་གཡོ་ཞིང་། དེའི་ནང་དུ་རླུང་ཞབས་རྒྱུ་བ་མེད་དེ་དབུ་མར་མི་རྟོག་པའི་ངང་ལ་གནས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་པར་འགྱུར་ཏེ། དོ་ཧ་ལས། གང་དུ་རླུང་དང་སེམས་ནི་མི་རྒྱུ་ཞིང་། །ཉི་མ་ཟླ་བ་འཇུག་པ་མེད་གྱུར་པ། །ཅེས་སོ། ། ༢ དམིགས་པ་རྩེ་གཅིག་པ་ནི། ཚད་མེད་བྱང་སེམས་ལྷ་སྐུར་དམིགས་པ་གཏད། །ཅེས་དེའང་བྱམས་སོགས་ཚད་མེད་བཞིའམ། སྨོན་འཇུག་གཉིས་ལ་བསླབ་པར། སྤྱོད་འཇུག་ལས། རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཞེས་པའམ། བསྐྱེད་རིམ་མམ། པོ་ཏིའམ། རི་མོ་ལ་སོགས་པ་ལྷའི་སྐུ་ལ་སེམས་གཟུང་བར་ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་མཛེས་པ། །དམིགས་པ་འདི་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། །ཞེས་པའམ་མདོར་ན་སྔོན་ནས་དམིགས་མེད་ལ་མ་གོམས་པའི་དམིགས་ཡུལ་དགེ་བ་གང་རུང་ཞིག་ལས་གཞན་དུ་མ་ཡེངས་པར་བསྒོམས་ཏེ། མདོ་སྡེའི་རྒྱན་ལས། དམིགས་ཡུལ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་སོ། ། ༣ ཞི་གནས་ཀྱི་ཏིང་ངེ་འཛིན་དངོས་ནི། མི་འཕྲོ་ལས་རུང་གནས་བདེ་ཞི་གནས་གྲུབ། །ཅེས་ཡུལ་གང་ལ་སེམས་གཟུང་སར་མཉམ་གཞག་མ་བཏབ་རིང་ལ་རྟོག་པ་མི་འཕྲོ་ཞིང་། སེམས་བདེ་ལུས་བདེ་ངག་སྨྲ་བ་ཉུང་ཞིང་ཚིག་འཇམ་ལ་མདོག་སྣུམ་པ་ནི་ཞི་གནས་རྩེ་གཅིག་པ་གྲུབ་པའི་དུས་ཏེ། མདོ་ལས། དགེ་སློང་རྣལ་འབྱོར་སྤྱོད་པ་བ་དག་གི་ལུས་སེམས་ལས་སུ་རུང་བ་ཡིན། ཟས་ཀྱི་འདུ་ཤེས་ཆུང་བ་ཡིན། སྨྲ་བ་ཉུང་ཞིང་ཚིག་འཇམ་པ་ཡིན། པགས་པའི་མདོག་ཀྱང་རབ་ཏུ་སྣུམ་པ་ཡིན། ཞེས་པ་ལ་སོགས་པ་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཁྲེགས་ཆོད་ལས་དབང་པོ་ཐ་མའི་ཞི་གནས་བསྒོམ་པའི་རིམ་པ་གསུམ་

|; |@@@ | | }}