6215

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:46, 13 September 2021 by Jeremi (talk | contribs) (CSV import MGD Import Part 1)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ས་སྟག་ཕྱི་ལོ་ ༡༢༡༨ ལོར་ཡབ་ཡོན་ཆེན་སངས་རྒྱས་སྐྱབས་དང་། ཡུམ་ཡེ་ཤེས་འཚོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་བ་རིན་ཆེན་ཐོག་རྡུགས་ཀྱི་གཅུང་པོ་ཡིན། སློབ་དཔོན་ནམ་འགག་པ་ལས་རབ་བྱུང་བསྒྲུབས། མཚན་ལ་རྡོ་རྗེ་རིན་ཆེན་ཞེས་གསོལ། ཉེར་གཉིས་པར་དབུས་སུ་བྱོན། རྗེ་སྤྱན་སྔ་གྲགས་པ་འབྱུང་གནས་ལ་བསྟེན། ཉེར་ལྔ་པར་མཁན་པོ་ཞང་གསེབ་བར་པ་དང་། སློབ་དཔོན་ཡར་ཁང་པ་དང་། གསང་སྟོན་སྟོད་ལུང་པ་རྣམས་ལས་བསྙེན་པར་རྫོགས། རྗེ་སྤྱན་སྔ་བ་ལས་བཀའ་བརྒྱུད་ཀྱི་ཆོས་རྣམ་ལུས་གསན། དབུ་སྔས་ལ་ལོ་ངོ་བཅུ་གཉིས་བར་མི་འཇོག་པའི་དམ་བཅའ་མཛད། གཅེན་གྲགས་པ་བརྩོན་འགྲུས་ལས་ཟབ་ཁྲིད་དུ་མ་གསན། ལྔ་ཅུ་པ་རབ་བྱུང་ལྔ་པའི་མེ་ཡོས་ཕྱི་ལོ་ ༡༢༦༧ ལོར་ཕག་གྲུའི་གདན་སའི་གོ་སར་ཕེབས། ལོ་ངོ་བཅུ་བཞིའི་བར་གདན་ས་བསྐྱངས། མངོན་མཁྱེན་ལ་ཐོགས་པ་མེད། གྲུབ་རྟགས་ཀྱང་བསྟན། གཅེན་གྲགས་པ་བརྩོན་འགྲུས་ཀྱི་དགོངས་པ་རྫོགས་ཐབས་སུ་སྒོ་མངས་བཞེངས། གདན་སའི་སྒོ་མངས་རྣམས་ཀྱི་ཐོག་མ་ཡིན། རེ་གསུམ་པ་རབ་བྱུང་ལྔ་པའི་ལྕགས་འབྲུག་ཕྱི་ལོ་ ༡༢༨༠ ལོར་སྐུ་གཤེགས། ཕག་གྲུའི་གདན་རབས་ལྔ་པ་ཡིན།

{{#arraymap:གཅུང་བཅུ་གཉིས་པ་རིན་ཆེན་རྡོ་རྗེ་

|; |@@@ | | }}