19189

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་མ་མེ་ཏོག་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་བཏབ་ན་སྐྱེ་བའི་ལོ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཨ་ར་འདྲ་བ་དང༌། སྡོང་པོ་འདྲོང་ཞིང་ཅུང་སྦོམ་ལ་སྤུ་དཀར་རྩུབ་པོ་ཡོད་པའི་ཁོང་སོབ་ཅན་རྐྱང་པར་སྐྱེ་བ། ལོ་མ་སྔོ་ལྗང་མཐུག་ལ་ཅུང་ཆེ་བ་སྙིང་དབྱིབས་ཅན་གྱི་མཐར་ཉག་ག་ཞིབ་མོ་སོག་ལེ་ཁ་འདྲ་ཡོད་པ་ཅན་ཡུ་བ་རིང་བ་རེས་མོས་སུ་སྐྱེས་ཡོད། མེ་ཏོག་སེར་པོ་ཟེའུ་འབྲུ་སེར་པོས་གང་བའི་དབྱིབས་སྒོར་ལ་ཆེ་བ་ཡོད་ཅིང་སྨིན་ཚེ་ཟེའུ་འབྲུ་སེར་པོའི་ནང་འབྲུ་གུ་ནག་ཁྲའམ་སེར་སྐྱས་གང་ནས་ཡོད་པ་བཅས། བོད་ཡུལ་གྱི་ཞིང་ཁུལ་དུ་བཏབ་ནས་སྐྱེ་བ། སྟོན་དུས་མེ་ཏོག་ཡལ་ཟིན་པའི་འདབ་གདན་དང༌། འབྲུ་གུ་བཏོན་ཚར་བའི་སྡེར་མ་འདྲ་བ། སྡོང་པོའི་ནང་སྙིང་བཅས་སོ་སོར་བཏུས་ཏེ་སྐམ་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་སྣུམ་པས་ལུས་ཟུངས་དང་མཁལ་ནུས་ཉམས་པ་གསོ་ཞིང༌། མགོ་ཡུ་འཁོར་བ་དང༌། རྣ་བ་འུར་བ། སྦྲུལ་ལྡན་གྱི་སྐྲང་སྦོས་སོགས་ལ་ཕན། སྡེར་མ་འདྲ་བས་ཁྲག་རླུང་མཐོ་བའི་མགོ་ཡུ་འཁོར་བ་དང༌། རྒྱུ་ཚད། གཅིན་སྙིའི་ནད། གཅིན་ལམ་གྱི་གཉན་ཚད་སོགས་ལ་ཕན། སྡོང་པོའི་ནང་སྙིང་གིས་མངལ་ཁྲག་འཛག་པ་ལ་ཕན་པ་ཡིན།

{{#arraymap:ཉི་མ་མེ་ཏོག་

|; |@@@ | | }}