39388

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཀའ་བསྡུ་གསུམ་པ་ (1)
Part of speech མིང་ཚིག
Definition དེ་ཡང་རྒྱ་གར་ལྷོ་ཕྱོགས་ན་དེད་དཔོན་ཞིག་ཡོད་པའི་ཆུང་མ་ལ་བུ་བཙས་པ་དང། ལྷ་ཆེན་པོར་མིང་བཏགས་ནས་ཕ་དེ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་སོང། དེའི་ཚེ་བུ་ཆེར་སྐྱེས་ཏེ་མ་དང་ལྷན་ཅིག་འདུས་ཕ་འོངས་པའི་གཏམ་ཐོས་ཏེ། ལམ་གོལ་བར་སོང་སྟེ་ཕ་བསད། མ་ཡང་སྐྱེས་པ་གཞན་དང་ཉལ་པོ་བྱེད་པར་ཤེས་ནས་ཁྲོས་ཏེ་བསད། རང་གི་སློབ་དཔོན་དགྲ་བཅོམ་པ་ཞིག་གིས་སྡིག་པའི་རྣམ་སྨིན་བཤད་པས། འདིས་ཁོ་བོའི་བྱ་བ་དེ་དག་ཤེས་སོ་སྙམ་ནས་བཀྲོངས་ཏེ། མཚམས་མེད་ཀྱི་ལས་གསུམ་བྱས་ནས་ཕྱིས་དགོན་པར་བསྡད་དེ། ཆོས་ལོག་མང་དུ་བསྟན། ཐོ་རངས་རང་སྡིག་དྲན་ཏེ། ཀྱེ་མ་སྡུག་བསྔལ་ལོ། །ཞེས་བསྒྲགས་པས་འཁོར་གྱིས་རྒྱུ་མཚན་ཞུས་པས། འཕགས་པའི་བདེན་པ་བཞི་བསྒོམས་པས་སྡུག་བསྔལ་བདེན་པ་མངོན་སུམ་དུ་མཐོང་ནས་བོས་པ་ཡིན་ནོ་ཞེས་ཟེར་རོ། །དེའིེ་ཚེ་འཁོར་རྣམས་ཀྱིས་དཀོན་མཆོག་གསུམ་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་སོགས་པ་དྲིས་པས། ཁོ་བོས་དགྲ་བཅོམ་པར་ཁས་བླངས་ཀྱི་སྟོན་པ་ཡིན་པར་མ་སྨྲས་སོ། །དེ་དག་ལུང་སྟོན་པ་ནི། ཐེ་ཚོམ་དང། སོམ་ཉི་ལས་བརྒལ་བའི་སངས་རྒྱས་འབའ་ཞིག་གོ །ཞེས་པ་ལ་སོགས་པའི་བརྫུན་ཚིག་གིས་ཚོགས་པ་རྣམས་ཀྱི་མགོ་བོ་བསྐོར་ནས། ལོག་འཚོ་མང་དུ་ཟོས་པས་ཤི་ནས་སེམས་ཅན་དམྱལ་བར་འགྱུར་ཞེས་གྲག་གོ །ཆོས་ལོག་དེ་དག་དགྲ་བཅོམ་རྣམས་ཀྱིས་སུན་ཕྱུང་ནས། བཀའ་བསྡུ་གསུམ་པ་བྱས་ཞེས་ཐོས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །ལྷ་ཆེན་དེས་ཆོས་ལོག་བཤད་པའི་རྗེས་སུ་སློབ་མ་རྣམས་འབྲངས་ནས། དགྲ་བཅོམ་པ་ལ་ཐེ་ཚོམ་ཡོད་པར་འདོད་པ་སོགས་ཀྱི་འཁྲུལ་པའི་གྲུབ་མཐའ་དུ་མ་བྱུང་ཞིང། དད་རྫས་ལེན་པར་མི་འོས་པ་ལ་བླངས་པའི་ལྷ་ཆེན་བླུན་པོ་དེ་ཤི་ནས། སེམས་ཅན་དམྱལ་བ་མནར་མེད་པར་སྐྱེས་ནས་སྡུག་བསྔལ་མྱོང་བར་གྱུར་ཅེས་གྲག་གོ །ལྷ་ཆེན་དེེས་བསྟན་པའི་ལོག་པའི་ཆོས་དེ་དག་དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་རྣམས་ཀྱིས་སུན་ཕྱུང་ནས། བཀའ་བསྡུ་བ་གསུམ་པ་བྱས་ཞེས་རྟོག་གེ་འབར་བ་དང་འདུལ་བ་འོད་ལྡན་ལས་གསུངས་སོ་ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:བཀའ་བསྡུ་གསུམ་པ་

|; |@@@ | | }}