39398

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པའི་སྡེ་ཚན་ཞིག བཀའ་འགྱུར་འདུལ་བ་ན་པར་བཞུགས།

{{#arraymap:བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་

|; |@@@ | | }}

བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ལྷག་མ་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། གླེང་གཞི་ནི། གཞི་འགྲེལ་ལས་གྲོང་ཁྱེར་ཀོའུ་ཤམ་བྷིའི་གདངས་ཅན་གྱི་ཀུན་དགའ་ར་བར་འདུན་པས་བཀའ་བློ་མི་བདེ་བའི་ཚིག་སྨྲས་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ཚུལ་ཁྲིམས་དང་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་ལ་ལྟུང་བ་གླེང་བ་ན་དགེ་སློང་མཐའ་དག་གིས་བདག་ཉིད་ཀྱི་བསླབ་པའི་གཞི་མཐའ་དག་ལ་གླེང་བ། བདག་ལ་སུས་ཀྱང་ཉེས་པ་མ་གླེང་ཞིག་ཅེས་འགོག་ཅིང་བཞམས་བསྒོ་དང་གསོལ་བཞིའི་ལས་ཀྱིས་བཟློག་ཀྱང་མི་གཏོང་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདི་ལ་བཞི་ལས། བཟློག་པར་བྱ་བའི་ཡུལ་ནི་ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་བསྙེན་པར་རྫོགས་པའི་སྡོམ་པ་རྣམ་དག་དང་ལྡན་པ། ལྟ་བ་དང་མཚན་མཐུན་པ་ཐ་སྙད་གསུམ་དང་ལྡན་པའོ། །གོ་བར་བྱ་བའི་ཡུལ་ནི་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་སློང་བདག་ཉིད་ཀྱི་ཚུལ་ཁྲིམས་ལ་ཕྱིན་ཅི་མ་ལོག་པར་གླེང་བ་པོ་ཡིན་པའོ། །བདག་ཉིད་ནི་བཀའ་བློ་མི་བདེ་བའི་རང་བཞིན་དུ་གྱུར་པ་ལ་གླེང་དྲན་དང་བཞམས་བསྒོ་བྱས་པ་ཆགས་པའོ། །བསམ་པ་འདུ་ཤེས་མ་འཁྲུལ་བ། ཀུན་སློང་བདག་ཉིད་ཚུལ་ཁྲིམས་ལ་སུ་གང་གིས་ཀྱང་གླེང་བ་འགོག་པར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ངག་མཚན་ཉིད་དྲུག་ལྡན་གྱིས་དགེ་སློང་ཐམས་ཅད་ཀྱི་གླེང་བ་འགོག་པར་བརྩོན་པའོ། །མཐར་ཐུག་བཟློག་བྱེད་ཀྱི་རྐྱེན་ལྔའི་མཐར་མི་གཏོང་བའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། ། བཅས་ལྡན་དགེ་སློང་རང་བཞིན་དུ་གནས་པ་ལ་ལྟུང་བ་བྱུང་བ་དགེ་འདུན་གྱིས་གླེང་བས་དེ་བཀའ་བློ་མི་བདེ་བའི་གཞི་ལ་ཞུགས་པ་ལ་ཟློག་བྱེད་ཀྱི་རྐྱེན་ལྔས་བཟློག་ཀྱང་མི་གཏོང་བའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། མདོ་རྩར། དགེ་སློང་གིས་ལྷག་པའི་ཚུལ་ཁྲིམས་ཀྱིས་གླེང་པ་ཉིད་བདག་ཉིད་ཀྱི་དེ་ལ་དགེ་སློང་དག་གི་བརྗོད་པར་མི་བྱ་བ་ཉིད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་

|; |@@@ | | }}