41202

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:04, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བདེན་པ་གཉིས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འདིར་བདེན་པ་གཉིས་ཞེས་པ་འཇིག་རྟེན་པའི་ཤེས་པ་རྫུན་པའི་ཡུལ་ཞིག་ལ་ཀུན་རྫོབ་བདེན་པ་དང། དོན་དམ་པ་འཕགས་པའི་ཤེས་པའི་ཡུལ་ཞིག་ལ་དོན་དམ་པའི་བདེན་པ་ཞེས་ཟེར། བདེན་པ་ལ་གཉིས་སུ་གྲངས་ངེས་པ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཤེས་བྱ་དབྱེ་གཞིར་བྱས་ནས་དེ་ལ་བདེན་པ་གཉིས་སུ་དབྱེ་བ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་འདིར་ཟད་དེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་བྱས་པས། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ། ཞེས་དང། རྩ་ཤེས་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང་། སྤྱོད་འཇུག་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །འདི་ནི་བདེན་པ་གཉིས་སུ་འདོད། །ཅེས་གསུངས།
Domain ཆོས་ལུགས།

{{#arraymap:བདེན་པ་གཉིས་

|; |@@@ | | }}

བདེན་པ་གཉིས་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྟེན་འབྲེལ་ལས་འདས་མ་འདས་ཀྱི་སྒོ་ནས་དབྱེ་བའི་བདེན་པ་གཉིས་ཏེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི་ཤགས་འབྱེད་བསྡུས་པ་ལས། དོན་དམ་པའི་བདེན་པ་ནི་སྐྱེ་འཇིག་མེད་ཅིང་འདུས་མ་བྱས་པ་སྟེ། རྟེན་འབྲེལ་ལས་འདས་པའོ། །ཀུན་རྫོབ་ཀྱི་དངོས་པོ་ནི་སྐྱེ་ཞིང་འཇིག་པའི་ཆོས་ཅན། རྒྱུ་དང་རྐྱེན་ལ་རག་ལས་པ་སྟེ། འདུས་བྱས་པའོ། །ཞེས་བྱུང་།

{{#arraymap:བདེན་པ་གཉིས་

|; |@@@ | | }}

བདེན་པ་གཉིས་ (3)
Part of speech མིང་ཚིག
Definition དབྱེ་གཞི་ནི། གཞན་སེལ་གྱི་ངོར་ཐ་སྙད་དུ་བློ་ཙམ་མོ། །དབྱེ་བར། བློ་གང་ལ་ལྟོས་ནས་ཀུན་རྫོབ་དང་དོན་དམ་དུ་དབྱེ་བ་ནི། སྣང་བ་ཐམས་ཅད་ཀུན་རྫོབ། དེ་ཡང་དག་པར་མ་གྲུབ་པས་དོན་དམ་པའོ། །གང་ཟག་གང་ལ་ལྟོས་ཏེ་བདེན་པ་གཉིས་སུ་འཇོག་པ་ནི། གང་ཟག་ལྟོས་ཀྱང་བླ་སྟེ། སྣང་བའི་ཆ་ཀུན་རྫོབ། སྟོང་པའི་ཆ་དོན་དམ། དབྱེར་མི་ཕྱེད་པའི་ཆ་ཟུང་འཇུག ཚུལ་གསུམ་པོ་འདི་ཡང་དངོས་པོ་ཇི་ལྟར་ཡིན་པ་རྟོགས་པ་ཤེས་བྱའི་གནས་སོ། །དེ་ཐབས་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་ཉམས་སུ་ལེན་པ་བསྒོམ་པར་བྱ་བའི་ལམ། དེ་རྟོགས་ནས་གནས་སྐབས་སུ་ས་དང་ལམ་བགྲོད་དེ་མཐར་ཐུག་སྐུ་གསུམ་ཐོབ་པ་འབྲས་བུའོ། །ཞེས་ཆོས་རྗེ་ས་པཎ་གྱིས་ཐུབ་པ་དགོངས་གསལ་ལས་གསུངས་སོ། ། གནས་ཚུལ་རང་ངོས་ནས་མཚན་མཚོན་དང་། དབྱེ་གཞི་དང་དབྱེ་བ་སོགས་བྱར་མེད་ཀྱང་ཐ་སྙད་བདེན་པར་སྒྲོ་བཏགས་ནས་གདུལ་བྱ་ལ་བསྟན་པའི་ཚེ་དབྱེ་བའི་ཡ་གྱལ་ཡོད་པ་ལྟར་དབྱེ་གཞིའང་ཡོད་པར་བྱ་དགོས་པས་རྟེན་འབྲེལ་ཙམ་དབྱེ་གཞིར་བྱས་པའང་འགལ་བ་མེད་ཏེ། རྟེན་འབྲེལ་གྱི་དོན་སྟོང་ཉིད་དང་། བརྟེན་ནས་སྐྱེ་བ་གཉིས་ལ་འཇུག་པར་གསུངས་པའི་ཕྱིར་རོ། །ཤེས་བྱ་ཙམ་དབྱེ་གཞིར་བྱས་ནའང་འགལ་བ་མེད་དོ། །གསུང་རབ་ཀྱི་བརྗོད་བྱ་ཙམ་དབྱེ་གཞིར་བྱས་ན་ཤིན་ཏུའང་འཐད་དོ། །གང་འབྱེད་པའི་ངོ་བོ་ནི། ཡུལ་ཅན་གྱི་བློའི་སྒོ་ནས་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་གཉིས་ཡིན་ལ། དོན་དམ་བདེན་པ་རྟོགས་པའི་ཐབས་ཐབས་བྱུང་གི་དབང་དུ་བྱས་པའི་དབྱེ་ངོ་ནི། འཇིག་རྟེན་ཀུན་རྫོབ་དང་། དོན་དམ་བདེན་པ་གཉིས་སོ། །གང་གིས་འབྱེད་པའི་རྒྱུ་མཚན་ནི། ཡུལ་རང་ངོས་ནས་བདེན་པ་གཉིས་སུ་དབྱེར་མེད་ཀྱི་སྣང་བའི་དངོས་པོ་གཅིག་པའང་ཡུལ་ཅན་བརྫུན་པ་མཐོང་བ་དང་། ཡང་དག་མཐོང་བ་གཉིས་སམ། འཁྲུལ་མ་འཁྲུལ་གཉིས་སམ། རྨོངས་མ་རྨོངས་གཉིས་སམ། ཕྱིན་ཅི་ལོག་མ་ལོག་གཉིས་སམ། ཚད་མ་ཡིན་མིན་གཉིས་ཀྱིས་མཐོང་ཚུལ་གྱི་སྒོ་ནས་ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་སུ་ཕྱེ་བའོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ནས་གསུངས་སོ། ། དངོས་པོ་ཐམས་ཅད་ལ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་རང་གི་ངོ་བོ་སྟོང་ཉིད་རྙེད་པ་དང། བརྫུན་པ་མཐོང་བའི་སོ་སྐྱེ་བློས་བརྫུན་པའི་སྟོབས་ལས་རང་གི་ངོ་བོ་ཡོད་པར་རྙེད་པ་ཉིད་ལ་བདེན་པ་གཉིས་སུ་བཞག་པ་ཡིན་གྱི། དེ་གཉིས་ངོ་བོ་ཐ་དད་དུ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་བློའི་སྒོ་ནས་ངོ་བོ་གཉིས་འཛིན་པའི་མཐོང་བ་ཡང་དག་པའི་ཡུལ་ནི་དོོན་དམ་བདེན་པ་ཡིན་ལ། མཐོང་བ་བརྫུན་པའི་ཡུལ་ནི་ཀུན་རྫོབ་བདེན་པའོ། །ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །

{{#arraymap:བདེན་པ་གཉིས་

|; |@@@ | | }}