43226

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:09, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བཤགས་བསྐང་དྲི་མེད་ཤེལ་གྱི་ཕྲེང་བ་ (1)
Part of speech མིང་ཚིག
Definition བླ་མ་དྲག་པོའི་ལས་ཚོགས་ལས། བཤགས་བསྐང་དྲི་མེད་ཤེལ་གྱི་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བླ་མ་དྲག་པོའི་བཤགས་བསྐང་དྲི་མེད་ཤེལ་ཕྲེང་ཞེས་བྱ་བ༔ བདག་ཉིད་སྒྲོལ་མའི་ངོ་བོས་བཀའི་བསྡུ་བ་ལ་མི་བརྗེད་པའི་གཟུངས་ཐོབ་པའི་དབྱངས་ཅན་གྱི་རྣམ་པར་སྤྲུལ་པའི་མཁར་ཆེན་བཟས་དཔལ་གྱི་ཕུག་རིང་གཟིམ་ཁང་དུ་ཤོག་སེར་ལ་བྲིས་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། མ་འོངས་དུས་ཀྱི་ཐ་མར་གྱུར་པའི་ཚེ་ཆོས་དང་བླ་མ་མི་འདོད་པའི་དུས་འབྱུང་སྟེ། དེའི་ཚེ་བླ་མ་ལ་ལོག་ལྟ་དང་། རྒྱུ་འབྲས་ལ་ཁྱད་གསོད། མཆེད་གྲོགས་ལ་ནང་དམོད་སོགས་བྱས་པའི་རྐྱེན་གྱིས་མཁའ་འགྲོ་ཆོས་སྐྱོང་རྣམས་ཐུགས་ཁྲོས་ཏེ་ཚེ་འདི་ལ་སྒྲུབ་པ་ལ་ནུས་པ་མེད་པ་དང། ཆོས་སྐྱོང་ལ་སྐྱོབ་པའི་མཐུ་མེད་པ་སོགས་དང། ཕྱི་མར་ཡང་དམྱལ་བར་ལྟུང་བ་མང་དུ་འབྱུང་བས་དེ་དག་བསྐང་བ་དང། གསོ་བ། བཤགས་པར་བྱ་བའི་ཐབས་རྣམས་བསྟན།

{{#arraymap:བཤགས་བསྐང་དྲི་མེད་ཤེལ་གྱི་ཕྲེང་བ་

|; |@@@ | | }}