46360

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 3)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
བུམ་པར་ངག་དབང་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ། རབ་བྱུང་བཅུ་གསུམ་པའི་ཆུ་ཕག་ཕྱི་ལོ ༡༨༠༣ ལོར་སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་ལོ་གསུམ་རིང་དོ་དམ་གནང་། རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ཕྱི་ལོ ༡༨༢༤ ལོར་སྐུ་འབུམ་དགོན་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་བཞིའི་རིང་བསྐྱངས། རབ་བྱུང་བཅུ་བཞི་པའི་མེ་ཁྱི་ཕྱི་ལོ ༡༨༢༦ ལོར་བཙན་ཁང་ཆེན་མོའི་ཁྱམས་ར་དང་། དགོན་པའི་བྱང་ངོས་ཀྱི་མཆོད་རྟེན་ཆེན་མོ་བཅས་བཞེངས། རབ་བྱུང་བཅུ་བཞི་པའི་མེ་ཕག་ཕྱི་ལོ ༡༨༢༧ ལོར་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔར་ཤིང་དུ་བརྐོ་རྒྱུའི་གཙོ་འགན་ཁུར། དཔར་ཁང་ངོ་མཚར་རིན་ཆེན་གླིང་གསར་དུ་བཙུགས། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ཆ་ཚང་དཔར་བརྐོས་གྲུབ། སྐུ་འབུམ་རྒྱུད་པའི་མཁན་རབས་སོ་ལྔ་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཞེ་དགུ་པ་ཡིན།

{{#arraymap:བུམ་པར་ངག་དབང་ཆོས་ཀྱི་ཉི་མ་

|; |@@@ | | }}