51194

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མགོ་བརྙན་མ་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། རྙིང་མ། མགོ་བརྙན་མ་བརྒྱད་ནི། ཕྲ་མེན་མ་བརྒྱད་དང་གཅིག་པ་སྟེ། ཡུལ་གྱི་ཕྲ་མེན་བརྒྱད་དམ། ཡུལ་གྱི་ཕྱག་རྒྱ་ཕྲ་མེན་བརྒྱད་ཅེས་ཀྱང་གྲགས་ཤིང་། ཁྲོ་བོའི་ལྷ་ཚོགས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ནང་གསེས་ཡིན། དེ་དག་ལུས་ཁྲོ་མོ་ལ་མགོ་བྱོལ་སོང་དུ་ཡོད་པས་ཕྲ་མེན་མ་ཞེས་བྱ་ལ། རུ་དྲའི་སྒོ་སྲུང་དུ། སེངྒེ། སྟག ཝ། སྤྱང་ཀི། རྒོད། ཀངྐ། ཁྭ་ཏ། འུག་པའི་གདོང་ཅན་རྣམས་སུ་མཆིས་པར་དཔལ་ཆེན་པོས་ཆགས་ཐབས་ཀྱི་སྦྱོར་བ་མཛད་ནས་ལཱསྱཱ་མ་ལ་སོགས་པའི་སེམས་མ་བརྒྱད་དེ་དག་གི་སྲས་མོར་བལྟམས་པའི་ཚུལ་མཛད་པས་མགོ་བརྙན་མ་བརྒྱད་ཅེས་ཀྱང་གྲགས་སོ། །ཞེས་རྡོ་རྗེ་ཆོས་སྲུང་རྣམས་ཀྱི་སྐྱེས་རབས་དཔལ་ཆེན་རྔམས་པའི་ཆོ་འཕྲུལ་དུ་གསལ།
Domain ཆོས་ལུགས།

{{#arraymap:མགོ་བརྙན་མ་བརྒྱད་

|; |@@@ | | }}