51205

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མགོ་བོའི་ནད་ཀྱི་དབྱེ་བ་གཙོ་ཕལ་བཅུ་བཞི་ (1)
Part of speech མིང་ཚིག
Definition ༡ རླུང་ལས་གྱུར་པ། ༢ མཁྲིས་པ་ལས་གྱུར་པ། ༣ ཁྲག་ལས་གྱུར་པ། ༤ བད་ཀན་ལས་གྱུར་པ། ༥ རླུང་མཁྲིས་གཉིས་ལྡན་ལས་གྱུར་པ། ༦ བད་མཁྲིས་གཉིས་ལྡན་ལས་གྱུར་པ། ༧ བད་རླུང་གཉིས་ལྡན་ལས་གྱུར་པ། ༨ མགོ་ཡི་སྲིན་ནད་དོ། །ཕལ་པ་དྲུག་ནི། ༡ སྦྲུམ་མས་ཟས་སྤྱོད་མི་མཐུན་པ་བསྟེན་པའི་དབང་གིས་མངལ་གྱི་རླུང་ནད་བུ་ལ་ཤོར་བ་ལས་གྱུར་པ། ༢ རྨེན་འབྲས། ༣ གློག་པ་ཅན། ༤ སྐྲ་བྱི་བ། ༥ སྤྱི་ཐེར། ༦ སྐྲ་དཀར་བཅས་སོ། །རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ་ནི། དུད་པ་ཆེན་པོའི་དཀྱིལ་དུ་ཡུན་རིང་སྡོད་པ་དང་། ཉིན་མཚན་སྦྲེལ་ནས་གཉིད་མ་བྱུང་བར་ཆག་པ། ཆང་མང་དུ་བཏུང་བ། གཏམ་མང་དུ་སྨྲས་པ། ངུ་བ་སོགས་ཤུགས་དྲགས་པ། རླུང་འཚུབ་དྲག་པོ་མགོར་རྒྱུན་རིང་ཕོག་པ། མ་གོམས་པའི་དྲི་ངད་སྣར་ཕོག་པ་སོགས་མགོ་ནད་སྐྱེད་པར་བྱེད་པའི་རྒྱུ་ལས་འབྱུང་བ་ཡིན་ནོ། །
Domain གསོ་རིག

{{#arraymap:མགོ་བོའི་ནད་ཀྱི་དབྱེ་བ་གཙོ་ཕལ་བཅུ་བཞི་

|; |@@@ | | }}