54635

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:45, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མཛོད་དགེ་དཀོན་མཆོག་དམ་ཆོས་ཡར་འཕེལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་ཕག་ཕྱི་ལོ ༡༧༡༩ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་དྲུག་པར་ལྷ་ཁང་ལུང་པ་དགེ་འདུན་རྒྱ་མཚོ་ལས་རབ་བྱུང་བསྒྲུབས། བརྒྱད་པར་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་དགེ་ཚུལ་གྱི་སྡོམ་པ་མནོས། སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་། རྒྱལ་མོ་བསམ་གྲུབ་གླིང་གི་གདན་སར་བཀོད། ལྷ་ཁང་ལུང་པ་དགེ་འདུན་རྒྱ་མཚོ་དང་། མཛོད་དགེ་རི་ཁྲོད་དབང་པོ་རྣམ་གཉིས་ལས་དབང་ལུང་མན་ངག་མང་དུ་གསན། ཉི་ཤུ་པར་གུང་ཐང་འཇམ་པའི་དབྱངས་ལས་བསྙེན་པར་རྫོགས། བཀའ་ཆོས་ཀྱང་གསན། དབུས་སུ་ཕེབས་ཏེ་རྒྱལ་པཎ་རྣམ་གཉིས་དང་། རྒྱལ་སྲས་རིན་པོ་ཆེ། ས་ཆེན་དབང་སྡུད་སྙིང་པོ་སོགས་དང་མཇལ། རིག་གནས་ཀུན་དང་ལྷག་དུ་སྙན་ངག་ལ་མཁས་པར་གྱུར། ལྔ་བཅུའི་ནང་སྐུ་གཤེགས། འདས་ལོ་མི་གསལ། གསུང་རྩོམ་ནི་གུང་ཐང་འཇམ་པའི་དབྱངས་ཀྱི་རྟོགས་བརྗོད་ཆོས་དུང་དཀར་པོའི་སྒྲ་དབྱངས། སྙན་ངག་གི་དོན་རྒྱན་སོ་ལྔའི་དཔེར་བརྗོད། བླ་མཆོད་ཟིན་བྲིས་བཅས་བཞུགས།

{{#arraymap:མཛོད་དགེ་དཀོན་མཆོག་དམ་ཆོས་ཡར་འཕེལ་

|; |@@@ | | }}