57036

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 12:59, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
མོས་པ་སྒོམ་ལམ་གྱི་ཕན་ཡོན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མོས་པ་སྒོམ་ལམ་གྱི་ཡོན་ཏན་དུ་དམིགས་པ། མོས་པ་སྒོམ་ལམ་གྱི་ཕན་ཡོན་གྱི་མཚན་ཉིད། དབྱེ་ན། བསྟོད་པ་དགུ བཀུར་བ་དགུ བསྔགས་པ་དགུ་རྣམས་སུ་ཡོད་དེ། ཤེས་རབ་ཕ་རོལ་ཕྱིན་པ་ལ། །མོས་པའི་གནས་སྐབས་རྣམས་ལ་ནི། དགུ་མཚན་གསུམ་གྱིས་བསྟོད་པ་དང་། །བཀུར་བ་དང་ནི་བསྔགས་པར་འདོད། །ཅེས་གསུངས་པའི་ཕྱིར། རྩ་བའི་སྒོ་ནས་དབྱེ་ན། རང་དོན། གཞན་དོན། གཉིས་དོན་མོས་པ་སྒོམ་ལམ་དང་གསུམ། ཡན་ལག་གི་སྒོ་ནས་དབྱེ་ན། གསུམ་པོ་དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་སྟེ་དགུ ཉིང་ལག་གི་སྒོ་ནས་དབྱེ་ན་དགུ་པོ་དེ་རེ་རེ་ལ་ཆུང་འབྲིང་ཆེན་པོ་སྟེ་ཉེར་བདུན་དུ་ཡོད། གསུམ་པོ་དེ་ཡང་ལྡོག་པའི་སྒོ་ནས་ཕྱེ་བ་ཙམ་ཡིན་གྱི་དོན་ལ་ཁྱད་པར་མེད་དེ། རང་དོན་དུ་དགེ་རྩ་གསར་དུ་གསོག་པའི་སྒོ་ནས་དང་པོ་དང་། གཞན་དོན་དུ་དགེ་རྩ་གསར་དུ་གསོག་པའི་སྒོ་ནས་གཉིས་པ་དང་། རང་གཞན་གཉིས་ཀའི་དོན་དུ་དགེ་རྩ་གསར་དུ་གསོག་པའི་སྒོ་ནས་གསུམ་པ་བཞག་པའི་ཕྱིར། ས་མཚམས། མོས་པ་སྒོམ་ལམ་བཞིན་ནོ། །
Domain ཆོས་ལུགས།

{{#arraymap:མོས་པ་སྒོམ་ལམ་གྱི་ཕན་ཡོན་

|; |@@@ | | }}