57363

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:00, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཙ་ཡུས་ངག་དབང་བསྟན་འཛིན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཤིང་གླང་ཕྱི་ལོ་ ༡༧༤༥ ལོར་མདོ་སྨད་མཛོད་དགེར་ཡབ་ཏིང་འཛིན་སྐྱབས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་ལྷ་བརྟན་ཞབས་དྲུང་ལས་རབ་བྱུང་བསྒྲུབས། ལྡོང་ངེ་བློ་བཟང་དོན་གྲུབ་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་སྦྱངས། ཉང་ཚང་དཔོན་སློབ་ལས་རིན་འབྱུང་གི་རྗེས་གནང་དང་། རྔ་རྒོད་ནམ་མཁའ་སེང་གེ་ལས་འཇམ་དཔལ་ཞལ་ལུང་གི་ཁྲིད། གཅུང་བློ་གསལ་རྒྱ་མཚོ་ལས་བདེ་འདུས་སོགས་སྙིང་སྐོར་གྱི་སྒྲུབ་འཕྲིན་ཕལ་ཆེར་གྱི་རྒྱུན། སློབ་དཔོན་བློ་བཟང་དར་རྒྱས་རྒྱ་མཚོ་ལས་སྐུ་གོང་མའི་གསུང་འབུམ་གྱི་ལུང་རྣམས་གསན། ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན་ལས་བསྙེན་པར་རྫོགས། ཉེར་བཞི་པར་དབུས་སུ་ཕེབས་ཏེ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་གཉིས་ལ་ཆོས་འབྲེལ་ཞུས། སྨིན་གྲོལ་གླིང་དུ་མཁན་པོ་ཨུ་རྒྱན་བསྟན་འཛིན་ལས་གཏེར་ཁ་གསུམ་གྱི་ཆོས་ཚན་ཕལ་ཆེར་གྱི་དབང་ལུང་གསན། ཉེར་ལྔ་པར་རང་ཡུལ་དུ་གཉའ་གོང་བྲག་དཀར་དང་། རྒྱལ་མོ་གཤག་རལ་དུ་སྒྲུབ་པ་མཛད་པས་གཟིགས་སྣང་ཁྱད་པར་ཅན་བྱུང་། ལེ་མདོ་སྒར་བཏབ། འདུ་ཁང་དང་། ཙ་ཡུས་སྒར་བའི་འདུ་ཁང་། དགོན་པའི་ཤར་དུ་བདུད་འདུལ་མཆོག་རྟེན། རྩམ་སྡེར་སྒར་བའི་འདུ་ཁང་རྣམས་བཞེངས། རེ་བདུན་པ་རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ་ཕྱི་ལོ་ ༡༨༡༢ ལོར་སྐུ་གཤེགས། ཙ་ཡུས་ཨ་ལགས་འཕྲིན་ལས་རབ་བརྟན་གྱི་སྤྲུལ་སྐུ་ཡིན། སློབ་མ་གྲགས་ཆེ་བ་ནི་བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་དང་། རྩེ་དབུས་གཅོད་ཡེ་ཤེས་ཚུལ་ཁྲིམས། ཐང་ལུང་གཅོད་རྒན་སྐལ་བཟང་ཉི་མ། ཨ་ཁྱུང་ངག་དབང་མཁྱེན་རབ་བཅས་ཡིན།

{{#arraymap:ཙ་ཡུས་ངག་དབང་བསྟན་འཛིན་

|; |@@@ | | }}