60235

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:06, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཞབས་དྲུང་རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ལྷོ་འབྲུག་ཞབས་དྲུང་གི་སློབ་མ་ཕྱི་ནང་གི་སྡེ་སྲིད་རྣམ་གཉིས་ཀྱི་ཡ་གྱལ། ནང་གི་སྡེ་སྲིད་ལྟ་བུ་རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་ནི། རབ་བྱུང་བཅུ་པའི་ཆུ་སྟག་ ༡༦༠༢ ལོར་འཁྲུངས། གཞོན་ནུ་ནས་གདན་ས་ར་ལུང་གི་ཆོས་གྲྭར། རྗེ་ཡབ་སྲས་གཉིས་ལ་གཏུགས་ཏེ་ཆོས་སྒོར་ཞུགས། ཡོངས་འཛིན་ལྷ་དབང་བློ་གྲོས་ལས་བསླབ་ཚིགས་རིམ་པར་བཞེས། གདན་ས་ར་ལུང་ནས་བཟུང་རྗེ་བླ་མ་ཞི་བར་གཤེགས་ཀྱི་བར་སྐད་ཅིག་ཀྱང་མི་འབྲལ་བར་དྲུང་ན་ཉེ་བར་གནས་པས་རྗེ་དྲུང་པར་གྲགས། བླ་མ་གཤེགས་ནས་ཀྱང་ནང་ཆོས་སྲིད་དགེ་འདུན་གྱི་སྒྲིག་ལམ་དང་ཆོས་སྤྱོད་ཀྱི་མཛད་སྒོ་ཐམས་ཅད་བདག་གིར་བཞེས། རྒྱུན་དུ་ནང་གི་རིམ་གྲོ་པ་གཙོ་བོར་མཛད་ཀྱང༌། ཕྱག་མཛོད་ནས་ཁབ་སྐུད་ཙམ་ཡང་བདག་ཏུ་མི་མཛད། ཉིད་ལ་གཞན་གྱིས་ཕུལ་བའི་དངོས་པོ་ཅི་ཡོད་ཕྱག་མཛོད་དུ་འབུལ་བ་སོགས་བླ་མ་བསྟེན་པའི་ཀུན་སྤྱོད་ཅི་དང་མི་མཉམ་པར་མཛད། བཤེས་གཉེན་བསྟེན་ཚུལ་ལ་འདི་དང་མཉམ་པ་མི་འོང་ཞེས་རྗེ་བླ་མ་རང་གིས་ཀྱང་ཡང་ཡང་གསུང༌། གསང་སྔགས་སྤྱི་དང་ཁྱད་པར་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མཁས། ནག་པོ་སྟོང་དང་དམ་ཚིག་གཏོར་མའི་བཅའ་གཞི་རྣམས་ཀྱང་འདིས་མཛད་པར་གྲགས། ཕྱིས་ཁ་ཟས་རགས་པ་སྤངས་ནས་མེ་ཏོག་གི་བཅུད་ལེན་ཁོ་ནར་བརྟེན་པས་སྐུ་གཞོན་ཤ་ཆགས་པ་དང༌། ཚུལ་ཁྲིམས་ཀྱི་དྲི་ལྡང་བ་སོགས་ཀུན་གྱི་མཐུན་སྣང་དུ་གྲུབ། རྒྱལ་སྲས་བསྟན་འཛིན་རིན་པོ་ཆེ་སོགས་དེ་དུས་ཀྱི་འདུས་པ་ཐམས་ཅད་ཞལ་སློབ་ཏུ་མ་གྱུར་པ་མེད་པས་བསྟན་པ་འདིའི་སྲོག་ཤིང་དུ་གྱུར། ཕྱིས་མི་འགྱུར་བརྟན་པས་དྲིན་ལན་ལོག་འཇལ་གྱིས་ཐུགས་ཕྱུང་སྟེ། ཟུར་བཞུགས་མཛད་ནས་དབང་རྫོང་དུ་བཞུགས། སྐུ་གཤེགས་ཁར་བཀའ་ལས། རང་གི་ལུས་ངག་ཡིད་གསུམ་གྱིས་བླ་མ་དང་བསྟན་པའི་ཕྱག་ཕྱི་མ་འབྱོར་སྙམ་པའི་འགྱོད་པ་མེད། བསྟན་འཛིན་རིན་པོ་ཆེར་དྲག་སྒྲུབ་ཐོད་ནག་གི་ཕྱག་ལེན་འབུལ་མ་ཐུབ་པའི་འགྱོད་པ་ཙམ་མཆིས་གསུངས་ཏེ། དགུང་ལོ་དོན་གཅིག་པ་ཆུ་བྱི་ ༡༦༧༢ ལོར་ཞིང་དུ་གཤེགས་སོ། །

{{#arraymap:ཞབས་དྲུང་རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་

|; |@@@ | | }}