61483

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:15, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟད་པ་ཤེས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཉམ་བཞག་གི་སྐབས་སུ་བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་བདག་གིས་ཀུན་འབྱུང་སྤངས་སོ་བདག་གིས་འགོག་པ་མངོན་དུ་བྱས་སོ་བདག་གིས་ལམ་བསྒོམས་སོ་ཞེས་དེ་ཉིད་ཡུལ་དུ་བྱས་ནས་རྟོགས་ཤིང་། རྗེས་ཀྱི་ཚེའང་དེ་བཞི་ལ་དེ་ལྟར་ངེས་ཤེས་འདྲེན་ནུས་པ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཟད་པ་ཤེས་པ་ནི་བདག་གིས་སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་མཉམ་བཞག་གི་གནས་སྐབས་སུ་རྟོགས་པ་མ་ཟད། མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཡང་དེ་ལྟར་དུ་ངེས་ཤེས་འདྲེན་ནུས་པ་དང༌། མི་སྐྱེ་བ་ཤེས་པ་ནི། མཉམ་བཞག་གི་ཚེ་སྡུག་བསྔལ་ཤེས་པར་བྱས་ཏེ་སླར་ཤེས་པར་བྱར་མེད་དོ། །ཞེས་སོགས་སུ་རྟོགས་པ་མ་ཟད་རྗེས་ཐོབ་ཀྱི་ཚེ་ཡང་དེ་ལྟར་ངེས་པ་འདྲེན་ནུས་པའོ། །འདི་ལ་འགྲེལ་པ་མངོན་པའི་རྒྱན་དུ། མཉམ་བཞག་གི་ཚེ་དེ་ལྟར་རྟོགས་པ་ལས་ལངས་པའི་རྗེས་ཐོབ་ཀྱི་ཤེས་པས་ངེས་པ་ནི་མི་སྐྱེ་བ་ཤེས་པའི་བློར་ཁ་ཆེ་བས་འདོད་དོ། །ཞེས་གསུངས་པའི་དོན་ནི་གོང་དུ་བཤད་མ་ཐག་པ་ལྟར་ཟད་པ་དང་མི་སྐྱེ་བ་ཤེས་པ་གཉིས་ཀྱིས་མཉམ་བཞག་ཏུ་དེ་ལྟར་རྟོགས་པ་བཞིན་རྗེས་ཐོབ་ཀྱི་ཚེ་ཡང་ངེས་པ་སོ་སོ་ནས་འདྲེན་ནུས་པའི་དོན་ཡིན་པ་ལས། མཉམ་བཞག་གི་ཚེ་དེ་ལྟར་རྟོགས་པའི་ཤེས་པ་གཉིས་པོ་རིམ་པ་བཞིན་ཟད་པ་དང་མི་སྐྱེ་བ་ཤེས་པ་མིན་པ་དང༌། རྗེས་ཐོབ་ཀྱི་ཚེ་དེ་ལྟར་དུ་ངེས་པའི་ཤེས་པ་གཉིས་པོ་ཟད་མི་སྐྱེ་ཤེས་སུ་བཤད་པ་ནི་མ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཟད་པ་ཤེས་པ་

|; |@@@ | | }}

ཟད་པ་ཤེས་པ་ (2)
Part of speech མིང་ཚིག
Definition ཤེས་པ་བཅུའི་ཡ་གྱལ་ཞིག་སྟེ། རང་ཉིད་སྤང་བྱ་ཐམས་ཅད་སྤངས་ཟིན་པའི་གདེང་འཐོབ་པར་བྱེད་པའི་ཤེས་པའོ། །དེ་ཡང་ཆོས་ཤེས་དང་རྗེས་སུ་ཤེས་པ་ལྟ་བའི་རང་བཞིན་མ་ཡིན་པ་བདེན་པ་རྣམ་པ་བཞི་པོ་ཤེས་པ་དེ་དག་ལ་ནི་མི་སྐྱེ་བ་དང་ཟད་པ་ཤེས་པ་ཞེས་ཀྱང་བྱ་སྟེ། སྡུག་བསྔལ་ལ་སོགས་པར་དམིགས་ནས་ཡོངས་སུ་ཤེས་པ་དང་ཡང་ཤེས་པར་བྱར་མེད་དུ་རྗེས་ཐོབ་ཀྱིས་ངེས་པའི་བློ་ཡིན་པའི་ཕྱིར་རོ། །དེས་ན་དེ་གཉིས་དང་པོ་སྐྱེས་པ་ནི་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་ལ་རྗེས་ཤེས་པ་ཡིན་ཏེ། སྲིད་རྩེའི་སྒོམ་སྤང་ཆུང་ངུའི་ཆུང་ངུ་ལ་མི་རྟག་པ་ལ་སོགས་པ་སྡུག་བསྔལ་གྱི་རྣམ་པ་དང་རྒྱུ་འདོད་པ་ཀུན་འབྱུང་གི་རྣམ་པར་དམིགས་པའི་ཕྱིར་རོ། །དེ་ནི་སྲིད་རྩེའི་སྤང་བྱ་དང་བྲལ་བའི་རྣམ་གྲོལ་གྱི་ལམ་ཡིན་པས་སོ་ཞེས་གསུངས་པ་དང་། གཞན་ཡང་བསྟན་བཅོས་ལས། ཟད་པ་ཤེས་པ་གང་ཞེ་ན། བདག་གིས་སྡུག་བསྔལ་ཡོངས་སུ་ཤེས་སོ་ཞེས་བྱ་བར་ཤེས་པ་དང་། ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་བྱ་བར་ཤེས་པའི་རྒྱུ་ལས་བྱུང་བའི་ཤེས་པ་དང་མཐོང་བ་དང་རིག་པ་དང་བློ་དང་རྟོགས་པ་དང་ཤེས་རབ་དང་སྣང་བ་དང་མངོན་པར་རྟོགས་པ་གང་ཡིན་པ་འདི་ནི་ཟད་པ་ཤེས་པ་ཞེས་བྱའོ། །གསུངས་པའོ། །དེ་ནི་སྟོང་པ་དང་བདག་མེད་པ་མ་གཏོགས་པ་རྣམ་པ་བཅུ་བཞི་ཅན་ཡིན་ཏེ། ཤེས་པ་དེ་དག་དོན་དམ་པའི་ཡུལ་ཅན་ཡིན་ཡང་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །ཞེས་རྗེས་ཐོབ་ཀྱི་ཤེས་པས་བདག་གི་ཐ་སྙད་འདོགས་ཤིང་བདག་སྟོང་པ་མ་ཡིན་ལ་རྗེས་ཐོབ་ཀྱང་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར་དང་། མཉམ་གཞག་ཀྱང་དེ་དང་མཐུན་པར་བྱ་བའི་ཕྱིར་སྟོང་པ་དང་བདག་མེད་གཉིས་མི་བསྒོམ་པས་སྟོང་པ་དང་བདག་མེད་པའི་རྣམ་པ་གཉིས་མ་གཏོགས་སོ། །གཞན་ཡང་འདི་ཉིད་ས་ནི་བསམ་གཏན་བཞི་དང་མི་ལྕོགས་མེད་པ་དང་བསམ་གཏན་ཁྱད་པར་ཅན་ཏེ་དྲུག་པོ་དེ་དང་གཟུགས་མེད་དང་པོ་གསུམ་སྟེ་དགུ་ན་ཡོད་ལ། འདི་ནི་དྲན་པ་ཉེར་གཞག་བཞི་པོ་རེ་རེ་ནས་ཡིན་པ་ཡོད་དེ། ཅི་རིགས་པ་རེས་འགའ་ལུས་ནས་རེས་འགའ་ཆོས་ཀྱི་བར་དུ་དམིགས་པའི་ཕྱིར་རོ། །དེ་ཡང་ཁམས་གསུམ་པའི་རྟེན་ཅན་ཡང་ཡིན་ནོ། །ཟད་པ་ཤེས་པའི་སྤྱོད་ཡུལ་ཤེས་པ་བཅུ་ཆར་ཡིན་ཏེ། ཅི་རིགས་པར་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཡང་འདིས་ཤེས་བྱའི་ཆོས་ཐམས་ཅད་ཆོས་བཅུར་དབྱེ་བ་ལས་དགུ་ལ་དམིགས་པར་བྱེད་དེ། འདུས་མ་བྱས་ལུང་དུ་མ་བསྟན་མ་གཏོགས་སོ། །

{{#arraymap:ཟད་པ་ཤེས་པ་

|; |@@@ | | }}