62161

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟྭ་ཕྱི་ཨ་ཡ་ (1)
Part of speech མིང་ཚིག
Definition ཟྭའི་ཕྱི་མོ་ཡིན་པར་བཤད་ཅིང་། དབྱིབས་ཟྭ་དང་འདྲ་བ། ཡུལ་སྐད་དུ་འབྲོག་ཟྭ་དང་ཨ་ཡ་ཟྭ་ཚོད་ཅེས་ཟེར་བས་མིང་དེ་ལྟར་བཏགས་པ་སྟེ། འདི་ནི་ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང༌། རྩ་བ་སེར་སྐྱའམ་ཐལ་མདོག་སུག་པའི་དབྱིབས་འདྲ་ལ་ཅུང་སྦོམ་པར་རྩ་ཕྲན་ཁ་ཤས་གྱེས་པ། སྡོང་པོ་གྲུ་བཞི་ལྗང་ལ་སྨུག་མདངས་ཡོད་པའི་སྟོད་ཆ་ནས་ཡལ་ག་ཁ་སྤྲོད་དུ་རིམ་པས་གྱེས་ཤིང༌། ཡལ་སྡོང་གཉིས་ཀར་ཚིགས་པའི་རྣམ་པ་དོད་པར་རིང་ཐུང་སྐྱེ་གནས་དབང་གིས་ངེས་པ་མེད་ཅིང༌། ལོ་མ་ལྗང་ལ་མཐུག་པར་རྩུབ་ཉམས་ལྡན་པ་ཟྭ་ལོའི་དབྱིབས་འདྲ་བའི་རྒྱབ་སྐྱ་ཞིང་མཐར་ཉག་ག་ཞིབ་ཅིང་མང་ལ། ངར་པ་ཅུང་རིང་བ་ཚིགས་མཚམས་ནས་རེ་རེས་མོས་སུ་སྐྱེ་བ། ལོ་སྡོང་གཉིས་ལ་དྲི་ངན་བྲོ་བ་རེག་ཚེ་ཚ་རེག་མེད་ཅིང༌། མེ་ཏོག་མཐིང་གའམ་མུ་མེན་མདོག་ཅན་ཆུང་ངུ་ཡལ་སྡོང་གི་རྩེར་བརྩེགས་པའི་མེ་ཏོག་བང་རིམ་དུ་འཆར་བ། དེ་ཡང་ཡུལ་སྐད་དུ་ཨ་ཡ་ཟྭ་ཚོད་ཟེར་བ་མན་ངག་ཏུ་ཕག་དུག་པར་གྲགས་པ་དེའོ། །བོད་ཀྱི་ས་གནས་མང་པོའི་གྲོང་པའི་ཉེ་འཁོར་དང༌། རི་མ་ཐང་གི་རྡོ་གསེབ་སོགས་སུ་སྐྱེ་བ། ལོ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་མ་རུལ་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་ལ་ཚ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དམུ་ཆུའི་ནད་ལ་ཕན་པ་དང༌། རྩ་བས་སྤོས་རྩི་རུང་བ་ཡིན།
Domain གསོ་རིག

{{#arraymap:ཟྭ་ཕྱི་ཨ་ཡ་

|; |@@@ | | }}