62183

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 13:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 4)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཟླ་ཐེབ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལོ་གསུམ་རེའི་རྗེས་སུ་བྱུང་བའི་ཟླ་ལྷག་གི་མིང་། དེའི་ཚུལ་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། ཞིབ་རྩིས་ཀྱི་དབང་དུ་བྱས་ན། འདུལ་མངོན་པ་ཁ་ཅིག ། གོང་དུ་བརྗོད་པ་ལྟར་གསོ་སྦྱོང་བཅུ་བཞི་པ་དྲུག་གི་ཚེས་ཞག་དྲུག་དང་། དབྱར་ཉི་དགུན་ཉི་བཟློག་མཚམས་སུ་ཉི་མ་ཞག་གཉིས་གཉིས་སྡོད་པ་རྩིས་པ་ན་ལོ་རེ་རེ་ལ་ཞག་བཅུ་བཅུ་ལྷག་འོང་བས། ལོ་གསུམ་གསུམ་ན་ཟླ་ཐེབ་རེ་འབྱུང་བར་གསུངས་པ་མི་འཐད་དེ། དབྱར་ཉི་དགུན་ཉི་བཟློག་མཚམས་སུ་ཉི་མ་ཞག་གཉིས་གཉིས་བསྡོད་པ་བཞག་དཀའ་བའི་ཕྱིར། ཡང་ཁ་ཅིག ། ཉིན་ཞག་གཅིག་ལ་ཡུད་ཙམ་སུམ་ཅུ་དང་། ཚེས་ཞག་གཅིག་ལ་ཡུད་ཙམ་ཉི་ཤུ་རྩ་དགུ་དང་། ཐང་གཅིག་ལྔ་འབྱུང་བ་རྩིས་པས་ཉིན་ཞག་གི་ཟླ་བ་གསུམ་ལ་ཚེས་ཞག་གི་ཟླ་བ་གསུམ་དང་ཡུད་ཙམ་དོན་ལྔ་དང་། ཉིན་ཞག་གི་ཟླ་བ་དྲུག་ལ་ཚེས་ཞག་གི་ཟླ་བ་དྲུག་དང་ཉིན་ཞག་ལྔ་ལྷག ། ཉིན་ཞག་གི་ཟླ་བ་བཅུ་གཉིས་ལ་ཚེས་ཞག་གི་ལོ་གཅིག་དང་ཉིན་ཞག་བཅུ་འབྱུང་བའི་ཕྱིར་ན་ཉིན་ཞག་གི་དབང་དུ་བྱས་པའི་ལོ་གསུམ་ན། ཚེས་ཞག་གི་དབང་དུ་བྱས་པའི་ལོ་གསུམ་ཚང་ནས་ཉིན་ཞག་སུམ་ཅུ་ལྷག་འོང་ཞེས་གསུངས། ཁ་ཅིག ། ཞག་ལ། ཚེས་ཞག་ཉིན་ཞག་ཁྱིམ་ཞག་གསུམ་ཡོད་ཅིང་ཁྱད་པར་ནི་ཉི་མ་ལྷོ་བགྲོད་ནས་བྱང་བགྲོད་མཐར་ཐུག་པ་དང་། སླར་ཡང་ལྷོ་བགྲོད་མཐར་ཐུག་ལ་སླེབ་པའི་ཚེ་རྒྱུ་སྐར་རྣམས་ཀྱིས་ཁྱིམ་ཐམས་ཅད་རྫོགས་པར་འཁོར་བ་ཡིན་པས་ཁྱིམ་ལོའམ་རྩ་བའི་ལོ་ཞེས་བྱ། ཚེས་ཞག་སུམ་བརྒྱ་དྲུག་ཅུ་ཚང་བ་དང་། ཉིན་ཞག་སུམ་བརྒྱ་དྲུག་ཅུ་ཚང་ཡང་། དེ་དང་དེའི་དབང་དུ་བྱས་པའི་ལོ་གཅིག་ཏུ་འཇོག་པ་མ་གཏོགས། ལོ་གཅིག་རྫོགས་པར་མི་འཇོག་སྟེ། ཁྱིམ་ལོའམ་རྩ་བའི་ལོ་མ་རྫོགས་པའི་ཕྱིར། དེ་ལྟར་ན་བཤད་པ་ལྟར་གྱི་ཁྱིམ་ལོའི་བཅུ་གཉིས་ཀྱི་ཆ་ལ་ཁྱིམ་ཟླ་དང་། དེའི་སུམ་ཅུའི་ཆ་ལ་ཁྱིམ་ཞག་གཅིག་དང་། དེ་སུམ་བརྒྱ་དྲུག་ཅུ་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང་། ཞག་གཅིག་གི་བཞི་ཆ་ཙམ་དང་། ཚེས་ཞག་སུམ་བརྒྱ་དོན་གཅིག་དང་། ཞག་གཅིག་གཞི་བཅུ་གཉིས་ཆ་ཙམ་འབྱུང་བས་རྩ་བའི་ལོ་དྲུག་ན་ཉིན་ཞག་གི་དབང་དུ་བྱས་པའི་ཟླ་ཐེབ་གཅིག་དང་ཞག་ཕྱེད་གཉིས་ཙམ་འོང་ཞིང་རྩ་བའི་ལོ་གསུམ་ན། ཚེས་ཞག་གི་དབང་དུ་བྱས་པའི་ཟླ་ཐེབ་གཅིག་དང་ཞག་གསུམ་ལྷག་འོང་ཞེས་གསུངས། རང་གི་ལུགས་ནི་ཕྱོགས་དེ་གཉིས་གང་གི་རྗེས་སུ་འབྲངས་ཀྱང་འགལ་བ་མེད་ལ། བླ་མ་ཕལ་ཆེར་ནི། ཕྱི་མ་ཉིད་འཐད་པའི་ཕྱོགས་སུ་མཛད་པ་མང་ངོ་། །འདི་ལྟར་བཤད་པ་རྣམས་ལ་བརྟེན་ནས་གསོ་སྦྱོང་ཐུབ་པའི་རྗེས་སུ་ཐུབ་པ་དང་མི་ཐུབ་པའི་རྗེས་སུ་མི་ཐུབ་པ་བྱེད་པར་གསུངས་པ་ལའང་བརྟག་དགོས་ཏེ། མི་ཐུབ་པའི་རྗེས་སུ་ཡང་ཐུབ་པ་བྱ་དགོས་པའི་ཕྱིར་ཏེ། ཟླ་ཐེབ་བྱུང་བའི་ལྷག་ཟླ་ཡིན་ན། རང་གི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་མི་འབྱུང་བས་ཁྱབ་པའི་ཕྱིར་ཏེ། དེ་ཡིན་ན་ཚེས་ཞག་སུམ་ཅུ་ལས་ལྷག་པའི་ཟླ་བ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཟླ་ཐེབ་

|; |@@@ | | }}