64738
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་ལ། སོ་སོ་སྐྱེ་བོའི་རྒྱུད་ཀྱི་བསྡུས་པ་ལ་འཇིག་རྟེན་པ་དང༌། འཕགས་པའི་རྒྱུད་ཀྱི་ཡོན་ཏན་ལ་འཇིག་རྟེན་ལས་འདས་པར་བྱས་པ། ཟག་བཅས་ལ་འཇིག་རྟེན་པ་དང༌། ཟག་མེད་ལ་འཇིག་རྟེན་ལས་འདས་པར་བྱས་པ། ཞི་རགས་ཀྱི་རྣམ་པ་ཅན་ལ་འཇིག་རྟེན་པ་དང༌། བདེན་པའི་རྣམ་པ་ཅན་ལ་འཇིག་རྟེན་ལས་འདས་པར་བྱས་པ་ལ་སོགས་པ་དུ་མ་ཡོད། འཇིག་རྟེན་ལས་འདས་པ་དེ་ལ་ཡང་ཆོས་དང༌། བློ་དང༌། གང་ཟག་འཇིག་རྟེན་ལས་འདས་པ་གསུམ། དང་པོ་ནི། འཕགས་པའི་ཕུང་པོ་ལྟ་བུ། གཉིས་པ་ནི། འཕགས་པའི་ཤེས་པ་ལྟ་བུ། གསུམ་པ་ནི། འཕགས་པ་ལྟ་བུའོ། །དེས་ན་འཕགས་པའི་རྒྱུད་ཀྱི་མངོན་རྟོགས་སུ་དམིགས་པ། འཇིག་རྟེན་ལས་འདས་པའི་ལམ་གྱི་མཚན་ཉིད་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:འཇིག་རྟེན་ལས་འདས་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཟག་མེད་གང་ཞིག ཐོགས་མེད་ནས་འཁོར་བར་ཅུང་ཟད་ཀྱང་མ་འདྲིས་པའི་རིགས་སུ་གནས་པ། འཇིག་རྟེན་ལས་འདས་པའི་མཚན་ཉིད། འཕགས་རྒྱུད་ཀྱི་བསམ་གཏན་བཞི་པོ་ལྟ་བུ། |
{{#arraymap:འཇིག་རྟེན་ལས་འདས་པ་
|; |@@@ | | }}