69155

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:14, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
འབྲོ་ཤེས་རབ་གྲགས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་མགོར་འཁྲུངས། བོད་ཡུལ་ནས་ཐོག་མར་སློབ་གཉེར་མཛད། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་མནོས། འདུལ་གཞུང་མཁས་པར་སྦྱངས། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་བསྟེན། རྒྱ་གཞུང་དང་ལེགས་སྦྱར་བཅས་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལས་དབང་མདོར་བསྟན་པ་དང་། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ལེའུ་ལྔ་བ། རབ་ཏུ་གནས་པ་མདོར་བསྡུས་པའི་རྒྱུད། བསྟན་འགྱུར་ལས་རྡོ་རྗེ་སྙིང་པོའི་འགྲེལ་བ་ཀྱེའི་རྡོ་རྗེའི་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་ལེའུ་དྲུག་པ། དགོངས་པའི་སྐད་ཀྱི་འགྲེལ་བ། དབང་མདོར་བསྟན་པ་རྒྱ་ཆེར་འགྲེལ་བ། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རབ་ཏུ་བྱེད་པའི་འགྲེལ་བ་རྡོ་རྗེ་ཚིག་འབྱེད་པ། དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ཡན་ལག་བཅུ་གཅིག་པ། རྣལ་འབྱོར་གསུམ་གྱི་སྙིང་པོ་གསལ་བ། སྦྱོར་བ་ཡན་ལག་དྲུག་གི་མན་ངག རིམ་པ་བཞི་པའི་རྣམ་པར་འབྱེད་པ། དཔལ་འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པའི་སྒྲུབ་ཐབས། དཔལ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས། ལྷན་ཅིག་སྐྱེས་གྲུབ་བཅས་ཆོས་ཚན་སོ་གསུམ་བཞུགས།

{{#arraymap:འབྲོ་ཤེས་རབ་གྲགས་པ་

|; |@@@ | | }}