73226

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རང་རྒྱལ་གྱི་རྣམ་དག་སྒོམ་ལམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསེ་རུ་ལྟ་བུའི་རྣམ་གྲོལ་ལམ་ཆོས་ཅན། རང་སངས་རྒྱས་ཀྱི་རྣམ་དག་ཡིན་ཏེ། ཉོན་སྒྲིབ་དང་ཤེས་བྱའི་སྒྲིབ་པའི་ཕྱོགས་གཅིག་པོ་བཟུང་བའི་དོན་གྱི་རྣམ་པར་རྟོག་པ་ཙམ་སྤངས་པས་རབ་ཏུ་ཕྱེ་པའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི་ཞེས་སོགས་ཏེ། ཉན་ཐོས་ཀྱི་རྣམ་དག་དེ་དང་ཤེས་སྒྲིབ་གཟུང་རྟོག་ཙམ་གྱིས་དག་པའི་ཕྱིར་རང་རྒྱལ་གྱི་རྣམ་དག་གོ ། ཞེས་སྦས་དོན་ཟབ་མོ་ལས་གསུངས་སོ། །པཎ་ཆེན་ཤཱཀ་མཆོག་གིས། ངོ་སྐལ་གྱི་ཉོན་སྒྲིབ་དང། ངོ་སྐལ་གྱི་ཤེས་སྒྲིབ་གཟུང་རྟོག་ཙམ་སྤངས་པའི་བྲལ་བ་དེ། རང་རྒྱལ་གྱི་རྣམ་དག་གི་མཚན་ཉིད། དབྱེ་ན། བོད་སྔ་མ་རྣམས་རྒྱུན་ཞུགས་ཀྱི་རྣམ་དག་དང། དགྲ་བཅོམ་གྱི་རྣམ་དག་གཉིས་སུ་འཆད་ཀྱང་རིགས་པས་མི་འཐད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། ། པཎ་ཆེན་ངག་ཆོས་ཀྱིས། ཉན་ཐོས་ཀྱི་རྣམ་དག་དེ་དང་། ཤེས་སྒྲིབ་གཟུང་རྟོག་ཙམ་གྱིས་དག་པའི་ཕྱིར་ན། རང་རྒྱལ་གྱི་རྣམ་དག་གོ ། ཞེས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རང་རྒྱལ་གྱི་རྣམ་དག་སྒོམ་ལམ་

|; |@@@ | | }}