74196

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:37, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རི་ཤོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དུད་སེར་མདོག་ཨ་ར་འདྲ་བའི་རྩ་ཕྲན་མང་པོ་ཡོད་པ་དང༌། ལོ་མ་ཐོག་མར་གསར་སྐྱེས་དུས་སུ་རི་ཤོ་མྱུ་གུ་ཞེས་པ་དེ་བོད་ཟླ་ལྔ་པ་ཙམ་ལ་ཁ་འབུས་དུས་སུ་ལོ་མ་སྤུས་བཏུམ་ནས་ཕྱི་ནང་སྣམ་བུ་བསྒྲིལ་བ་ལྟར་བསྒྲིལ་ནས་མཛུབ་མོའི་དབྱིབས་ལྟར་སྐྱེ་ཞིང༌། རིམ་བཞིན་ཁ་ཕྱེ་སྟེ་རྒྱས་རྗེས་ཁ་དོག་ལྗང་སེར་ཆེ་ལ་མཐུག་པའི་རྒྱབ་སྐྱ་བ་སྙིང་དབྱིབས་ཅན་གྱི་མཐར་སོག་ལེ་ལྟ་བུའི་ཉག་ཆུང་དང་རྩ་རིས་དྲ་བ་ལྟར་གྱེས་ཤིང༌། ངར་པ་དང་སྡོང་པོ་ཅུང་ཟད་སྦོམ་ལ་འདྲོང་བར་སྤྱིར་བཏང་ཡལ་ག་མེད་ཅིང༌། ལོ་མ་ཆུང་བ་རེ་རེས་མོས་སུ་སྐྱེ་བར་སྤུ་དཀར་འཇམ་པོ་ཐར་ཐོར་ཡོད་ལ་སྨད་ཀྱི་རྟིང་པས་སྡོང་པོ་བཏུམས་ཡོད། མེ་ཏོག་སེར་པོ་མདངས་དང་ལྡན་པ་སྡོང་པོའི་རྩེར་གདུགས་འཁྱིལ་དབྱིབས་བང་རིམ་དུ་འཆར་བ་དང༌། སྐམ་ཚག་འབྲས་བུ་རྩེར་སྤུ་ཡོད་ལ་སྨིན་ཚེ་བྱ་སྤུ་ནམ་མཁར་འཁྱེར་བ་ལྟར་རླུང་གིས་འཁྱེར་འགྲོ་བ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་ལྡེབས་སྤང་དང༌། རི་ཐང་མཚམས་སུ་སྐྱེ་བ་མང༌། གསར་སྐྱེ་ཁ་འབུས་ཀྱི་མྱུ་གུ་བོད་ཟླ་གསུམ་པ་བཞི་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་སླ་ལ་མཉེན་ཞིང་དྲོ་བས་མ་ཞུ་བའི་ནད་དང༌། ཕོ་བར་རླུང་ཞུགས་པ། རྨ་རུལ་བ། རིམས་རྙིང༌། དུག་ནད། ཆུ་སེར་སོགས་ལ་ཕན། ཁྱད་པར་བད་མཁྲིས་ཀྱི་ནད་རྣམས་སྐྱུག་ཅིང་གྱེན་དུ་འདྲེན་པར་བྱེད་པ་ཡིན།

{{#arraymap:རི་ཤོ་

|; |@@@ | | }}