77872

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 15:53, 14 September 2021 by Jeremi (talk | contribs) (CSV import MGD Import Part 5)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱུན་ཞུགས་འབྲས་གནས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོར་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་གོ ། འདིར་དེ་ལྟ་བུའི་རབ་ཕྱེ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། མཐོང་སྤངས་ཀུན་སྦྱོར་གསུམ་པོ་དེ་ཉིད། ཐར་པར་བགྲོད་པའི་གེགས་གྱི་གཙོ་བོ་ཡིན་ལ། རྒྱུན་ཞུགས་ཀྱིས་དེ་ལྟ་བུ་སྤངས་སོ་ཞེས་རྟོགས་པའི་དགོས་པ་ཡོད་པའི་ཕྱིར།
Domain ཆོས་ལུགས།

{{#arraymap:རྒྱུན་ཞུགས་འབྲས་གནས་

|; |@@@ | | }}

རྒྱུན་ཞུགས་འབྲས་གནས་ (2)
Part of speech མིང་ཚིག
Definition འབྲས་གནས་བཞི་པོ་གང་རུང་ཡང་ཡིན། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་ཙམ་གྱི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་དུ་གྱུར་པའི་ཉན་ཐོས་སུ་དམིགས་པ། རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། རྒྱུན་ཞུགས་ཀྱི་འབྲས་བུ་དེས་མཐོང་སྤང་ཉོན་མོངས་མ་ལུས་པར་སྤངས་པ་ཡིན་ལ། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པ་ཙམ་གྱི་རབ་ཏུ་ཕྱེ་བར་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡང་ཡོད་དེ། མཐོང་སྤང་ཀུན་སྦྱོར་གསུམ་པོ་དེ་ཐར་པར་བགྲོད་པར་བྱེད་པའི་གེགས་ཀྱི་གཙོ་བོ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དེ་ལ་དབྱེ་ན། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དད་པས་མོས་པ་དང། མཐོང་བས་ཐོབ་པ་གཉིས་སུ་ཡོད་དེ། རྒྱུན་ཞུགས་ཞུགས་པ་དད་པའི་རྗེས་འབྲང་གིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཚེ་དད་པས་མོས་པ་དང། རྒྱུན་ཞུགས་ཞུགས་པ་ཆོས་ཀྱི་རྗེས་འབྲང་གིས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཚེ་མཐོང་བས་ཐོབ་པ་འཇོག་པའི་ཕྱིར།

{{#arraymap:རྒྱུན་ཞུགས་འབྲས་གནས་

|; |@@@ | | }}

རྒྱུན་ཞུགས་འབྲས་གནས་ (3)
Part of speech མིང་ཚིག
Definition འབྲས་གནས་བཞི་པོ་གང་རུང་ཡང་ཡིན། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པ་ཙམ་གྱི་ཉན་ཐོས་སྒོམ་ལམ་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། གཉིས་པ་དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས། དེ་ལ་སྦྱོར་བའི་སྒོ་ནས་དབྱེ་ན། རྒྱུན་ཞུགས་འབྲས་གནས་ཙམ་པོ་པ་དང་། དེ་ཁྱད་པར་ཅན་གཉིས་སུ་ཡོད། དེ་གཉིས་ཀྱི་ཁྱད་པར་ནི། རྒྱུན་ཞུགས་འབྲས་གནས་ཙམ་པོ་པ་དང་ཁྱད་པར་ཅན་གང་རུང་ཡང་ཡིན། འབྲས་བུ་གོང་མ་ཐོབ་པའི་ཕྱིར་དུ་བརྩོན་བཞིན་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། རྒྱུན་ཞུགས་འབྲས་གནས་ཙམ་པོ་པའི་མཚན་ཉིད། དེ་གང་རུང་ཡང་ཡིན། འབྲས་བུ་གོང་མ་ཐོབ་ཕྱིར་དུ་བརྩོན་བཞིན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དེ་ཁྱད་པར་ཅན་གྱི་མཚན་ཉིད། ཡང་དེ་ལ་སྐྱེ་བ་ལེན་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱུན་ཞུགས་སྲིད་པ་ལན་བདུན་པ་པ་དང་། རྒྱུན་ཞུགས་རིགས་ནས་རིགས་སྐྱེས་གཉིས་སུ་ཡོད། འདོད་པ་ལ་འདུན་པའི་ཉོན་མོངས་ཅུང་ཟད་ཀྱང་མ་སྤངས་ཤིང་ཚེ་དེ་ལ་རྒྱུན་ཞུགས་ཀྱི་འབྲས་བུ་མངོན་དུ་བྱས་པའི་རྒྱུན་ཞུགས་ཀྱང་ཡིན།

{{#arraymap:རྒྱུན་ཞུགས་འབྲས་གནས་

|; |@@@ | | }}

རྒྱུན་ཞུགས་འབྲས་གནས་ (4)
Part of speech མིང་ཚིག
Definition ཞུགས་གནས་བརྒྱད་ཀྱི་ནང་གསེས་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་འབྲས་བུ་ལ་གནས་པའི་འཕགས་པ་ཆགས་བཅས་དེ་ལ་རྒྱུན་ཞུགས་འབྲས་གནས་ཞེས་བྱའོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་རྒྱུན་ཞུགས་འབྲས་གནས་ཀྱི་འཇོག་བྱེད། དབྱེ་ན། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་དང། སྤང་བྱ་ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནས་གཉིས། དང་པོ་ནི། མཐོང་སྤང་ཀུན་སྦྱོར་གསུམ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་གང་ཞིག ཁམས་གསུམ་གྱི་སྒོམ་སྤང་རིམ་གྱིས་སྤོང་བ་སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཀྱི་འཇོག་བྱེད། ས་མཚམསནི། མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ནས་འདོད་པའི་སྒོམ་སྤངས་དྲུག་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་བའི་བར་དུ་ཡོད། གཉིས་པ་ནི། རྒྱུན་ཞུགས་གང་ཞིག། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་ལ་བརྟེན་ནས་ཁམས་གསུམ་གྱི་སྒོམ་སྤངས་ཉོན་མོངས་ཅིག་ཆར་དུ་སྤོང་བ་དེ། སྤངས་བྱ་ཅིག་ཆར་བའི་རྒྱུན་ཞུགས་ཀྱི་འཇོག་བྱེད། དེ་ལ་དབྱེ་ན། སྤང་བྱ་ཅིག་ཆར་བའི་རྒྱུན་ཞུགས་འབྲས་གནསཙམ་པོ་བ་དང་ཁྱད་པར་ཅན་གཉིས། ཕྱི་མ་དང་སྤང་བྱ་ཅིག་ཆར་བའི་དགྲ་བཅོམ་ཞུགས་པ་དོན་གཅིག། ས་མཚམས་ནི། མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ནས་སྒོམ་སྤངས་ཉོན་མོངས་ཆུང་ངུའི་ཆུང་ངུ་དགུ་ཅིག་ཆར་དུ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་བར་དུ་ཡོད་དོ། །

{{#arraymap:རྒྱུན་ཞུགས་འབྲས་གནས་

|; |@@@ | | }}