79226

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་འབྲེལ་ཚེ་བཞི་ལ་རྫོགས་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མངོན་པ་གོང་མ། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་ཚེ་བཞི་ལ་རྫོགས་པ་ཡོད་དེ། སེར་སྨད་རྟེན་འབྲེལ་སྤྱི་དོན་ལས། བྱེ་བྲག་སྨྲ་བའི་ལུགས་ལ་འགྲོ་བ་དེའི་བར་སྲིད་དུ་སྐྱེས་ནས་བཟློག་མི་སྲིད་པ་སོགས་ཀྱི་ཇི་ལྟར་བུལ་བའི་ཚེ་ཡང་ཚེ་གསུམ་ལ་རྫོགས་དགོས་པར་འདོད་ཀྱང༌། ཐེག་ཆེན་པའི་ལུགས་ལ་སྔར་བཤད་པ་ལས་བཞི་ལ་རྫོགས་པ་ཡོད་པའི་རྒྱུ་མཚན་གཞན་ཡང་ཡོད་དེ། བར་སྲིད་ལས་བཟློག་པ་ཡོད་པ་དང༌། འཆི་ཁར་བདག་ཆད་དོགས་ཀྱི་འཇིགས་པའི་དབང་གིས་ཕུང་པོ་ལ་སྲེད་པའི་སྲེད་པ་དེ་རྟེན་འབྲེལ་ཚར་གཅིག་གི་སྲེད་པ་དང༌། མིའི་བར་དོར་སྐྱེས་པའི་བར་དོར་ཕ་མ་གང་རུང་ལ་ཆགས་པའི་འདོད་ཆགས་ཚར་གཅིག་ པོ་དེའི་ལེན་པར་ཡང་བྱེད་དགོས་པའི་ཕྱིར། ཞེས་དང་། རྟེན་འབྲེལ་མཐའ་དཔྱོད་ལས། ཡང༌ཚེ་མི་འདྲ་བ་བཞི་ལ་རྫོགས་ནུས་ཏེ། མིའི་རྟེན་ལ་ལྷའི་རྣམ་སྨིན་གྱི་ཕུང་པོ་འཕེན་བྱེད་ཀྱི་ལས་བསགས། ལས་དེ་ལ་སྲེད་ལེན་གང་རུང་གིས་གསོས་མ་བཏབ་པར་ལས་གཞན་གྱི་དབང་གིས་མིར་སྐྱེ་བ་བླངས། རྟེན་དེ་ལ་ལྷའི་རྣམ་སྨིན་གྱི་ཕུང་པོ་འཕེན་བྱེད་ཀྱི་ལས་དེ་ལ་སྲེད་པས་གསོས་བཏབ་ལེན་པས་གསོས་མ་བཏབ་པར་ལས་གཞན་གྱི་དབང་གིས་མིར་སྐྱེ་བ་བླངས། རྟེན་དེ་ལ་སྔར་གྱི་ལས་དེ་ལ་ལེན་པས་གསོས་བཏབ་སྲིད་ལས་ནུས་པ་མཐུ་ཆེན་དུ་བྱས་ནས་ལྷར་སྐྱེ་བ་བླངས་པ་ན། ཡན་ལག་བཅུ་གཉིས་པོ་དེ་ཚེ་མི་འདྲ་བ་བཞི་ལ་རྫོགས་པ་ཡིན་པའི་ཕྱིར་ཏེ། ཡན་ལག་དང་པོ་གཉིས་མིའི་ཚེ་དང་པོ་ལ་རྫོགས། སྲེད་པ་མིའི་ཚེ་གཉིས་པ་དང༌། ལེན་པ་དང་སྲིད་པ་མིའི་ཚེ་གསུམ་པ་དང༌། ལྷག་མ་བདུན་ལྷའི་ཚེ་ལ་རྫོགས་པ་ཡིན་པའི་ཕྱིར། ལྷའི་རྣམ་སྨིན་གྱི་ཕུང་པོ་འཕེན་བྱེད་ཀྱི་ལས་ལ་སྲེད་པས་གསོས་བཏབ་ལེན་པས་གསོས་མ་བཏབ་པར་ཤི་འཕོ་བ་ཡོད་པར་ཐལ། དེའི་རྟེན་ལ་བདག་ཆད་དོགས་ཀྱི་འཇིགས་པས་ཕུང་པོ་ལ་སྲེད་པའི་སྲེད་པ་སྐྱེས། སྲེད་པ་དེས་ལྷའི་རྣམ་སྨིན་གྱི་ཕུང་པོ་འཕེན་བྱེད་ཀྱི་ལས་ལ་གསོས་བཏབ་ལེན་པས་གསོས་མ་བཏབ་པར་ཤི་འཕོས་ལྷའི་བར་སྲིད་དུ་སྐྱེ་བ་བླངས། སྐྱེ་སྲིད་དུ་སྐྱེ་བ་མ་བླངས་པར་མིར་སྐྱེ་བ་ཡོད་པའི་ཕྱིར་ཏེ། ལྷའི་བར་སྲིད་དུ་སྐྱེ་བ་བླངས་ན། ལྷའི་སྐྱེ་སྲིད་དུ་སྐྱེ་བ་ལེན་པས་མ་ཁྱབ་པའི་ཕྱིར། ཀུན་ལས་བཏུས་ལས། ཅི་དེ་ན་ལྡོག་གོ ། དེ་ན་གནས་པས་ཀྱང་ལས་གསོག་གོ ། ཞེས་གསུངས་པའི་ཕྱིར། མཆིམས་མཛོད་ལས། ཀུན་ལས་བཏུས་ལས་ནི། ཅི་སྟེ་ན་ལྡོག་གོ ། དེ་ན་གནས་པ་ཡང་ལས་གསོག་གོ་ཞེས་དམྱལ་བ་ལ་སོགས་པའི་སྲིད་པ་བར་མ་གྲུབ་ནས་མིའི་སྲིད་པ་བར་མར་འགྱུར་ཏེ་མིར་སྐྱེ་བ་ལ་སོགས་པའང་ཡོད་པར་བཤད་དེ། དེ་དག་གི་ལུགས་ལ་ནི་ཤི་འཕོས་པའི་དོན་གྱི་དགེ་བ་ནི་ཤིན་དུའང་འབྲས་བུ་དང་བཅས་པ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྟེན་འབྲེལ་ཚེ་བཞི་ལ་རྫོགས་པ་

|; |@@@ | | }}