79929

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:24, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེའི་ལས་བསྒྲུབ་པའི་ཐབས་ (1)
Part of speech མིང་ཚིག
Definition རྣལ་འབྱོར་པ་བྷིར་ཡ་ཤྲིས་མཛད་པའི་རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེའི་ལས་བསྒྲུབ་པའི་ཐབས། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དྷི་པཾ་ཀ་ར་ཤྲི་ཛྙཱ་ན་དང་། ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས། འགྱུར་བྱང་གི་རྗེས་སུ་དཔལ་ལྡན་རྡོ་རྗེ་འཛིན་པའི་ལས་རིམ་འདི། །རྡོ་རྗེའི་མཚན་ལྡན་བླ་མའི་ཞལ་སྔ་ནས། །ཇོ་སྲས་དོན་གྲུབ་ཞེས་བྱ་བ་བདག་གིས་ནི། །གཞན་ལ་ཕན་འདོད་སེམས་ཀྱིས་ཞུས་པའོ། །དེ་ལ་ཤེས་རབ་བསོད་ནམས་བདག་གིས་ཞུས། །སློབ་དཔོན་བྱང་ཐང་པའི་ཞབས་པར་ཞུས་སློབ་དཔོན་གཟེར་བས། མན་ངག་དང་བཅས་སེམས་ཀྱི་ཁོངས་སུ་ཆུད། །གཞན་གྱི་གསུང་འབྱང་བཙལ་ནས་ཤེས་ཟེར་བའི། །མན་ངག་མེདཔ་རྣམས་དང་འདྲ་བ་མིན། །ཞེས་འཁོད། བསྟན་འགྱུར་རྒྱུད་ཧུ་པར་བཞུགས།

{{#arraymap:རྡོ་རྗེ་འཛིན་པ་ཕྱག་ན་རྡོ་རྗེའི་ལས་བསྒྲུབ་པའི་ཐབས་

|; |@@@ | | }}