86638

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:56, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བ་ཙམ་གྱི་མཚན་ཉིད་ནི། སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ཆ་ནས་ཁ་ན་མ་ཐོ་བར་གྱུར་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། རང་བྱུང་གི་སྟོན་པས་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བའོ། །ཞེས་ཀུན་མཁྱེན་གོ་རམས་པའི་འདུལ་བའི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:ལྟུང་བ་

|; |@@@ | | }}

ལྟུང་བ་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བ་སྟེ། ཤཱཀྱ་འོད་ཀྱིས། ལུས་ངག་གི་བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བའོ་ཞེས་སོ། །དབྱེ་བ་གང་ཞེ་ན། སྡོམ་ཚིག་ནི། སྡེ་ཚན་གནས་སྐབས་རྒྱུ་དང་ནི། །ཕྱིར་བཅོས་དང་ནི་འབྱུང་བའི་སྒོ ། ངོ་བོ་དང་ནི་གཞི་དང་ནི། །བྱ་བྱེད་འདུ་ཤེས་དངོས་པོ་འོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །

{{#arraymap:ལྟུང་བ་

|; |@@@ | | }}

ལྟུང་བ་ (3)
Part of speech མིང་ཚིག
Definition ལུས་ངག་གང་རུང་གི་ལས་གང་ཞིག བཅས་པ་ལས་འདས་པའི་ཁ་ན་མ་ཐོ་བ་དེ་ལྟུང་བའི་མཚན་ཉིད་དོ། །དབྱེ་བ་ནི། སྡེ་ཚན་གྱི་སྒོ་ནས་ཕམ་པ། དགེ་འདུན་ལྷག་མ། ལྟུང་བྱེད། སོར་བཤགས། ཉེས་བྱས་དང་ལྔ། བསྡུ་ན་ལྷག་མ་མེད་པ་དང། དགེ་འདུན་ལྷག་མ་དང། གང་ཟག་ལྷག་མའི་ལྟུང་བ་དང་གསུམ་དུ་འདུས་ཏེ། ཕམ་པ་ཕལ་ཆེར་ལྷག་མ་མེད་པའི་ལྟུང་བ་ཡིན་ཅིང། ལྟུང་བྱེད་སོགས་གསུམ་ནི། གང་ཟག་ལྷག་མའི་ལྟུང་བ་ཡིན་པས་སོ། །གནས་སྐབས་ཀྱི་སྒོ་ནས་དངོས་གཞིའི་ལྟུང་བ། སྦྱོར་བའི་ལྟུང་བ། སྦྱོར་བའི་སྦྱོར་བའི་ལྟུང་བ་དང་གསུམ། དང་པོ་ནི། སྡེ་ལྔ་ལྟ་བུའོ། །གཉིས་པ་ནི། སྡེ་ལྔའི་གཞི་ལ་ཞུགས་པའི་ལུས་ངག་གི་རིག་བྱེད་དང། རིག་བྱེད་མ་ཡིན་པ་ལྟ་བུའོ། །འདི་ནི་སྦོམ་པོ་དང། སྡེ་ལྔའི་ནང་ཚན་དུ་མ་གྱུར་པའི་ཉེས་བྱས་གང་རུང་དུ་ངེས་ཏེ། ཕམ་ལྷག་གི་སྦྱོར་བ་རྣམས་ནི་སྦོམ་པོ་དང། ལྟུང་བྱེད་སོགས་གསུམ་གྱི་སྦྱོར་བ་ནི། སོ་ཐར་གྱི་མདོའི་སྡོམ་ཚིག་གིས་མ་བསྡུས་པའི་ཉེས་བྱས་ཕྲ་མོ་ཡིན་པས་སོ། །གསུམ་པ་ནི། སྡེ་ལྔ་གང་རུང་གི་གཞི་ལ་ཞུགས་པའི་ཆེད་དུ་གྲོས་བྱས་པ་དང་། སྟན་ལས་ལྡང་བ་དང་། གོམ་པ་འདོར་བ་ལ་སོགས་པ་ལྟ་བུའོ། །འདི་ཡང་སྡེ་ལྔའི་ནང་ཚན་དུ་མ་གྱུར་པའི་ཉེས་བྱས་ཕྲ་མོ་ཁོ་ནར་ངེས་སོ། །ཞེས་པཎ་ཆེན་ངག་དབང་ཆོས་གྲགས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །

{{#arraymap:ལྟུང་བ་

|; |@@@ | | }}

ལྟུང་བ་ (4)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་བཅས་པ་མཚན་ཉིད་པ་ལས་འདས་པའི་ཆ་ནས་ཉེས་པར་གྱུར་པ་ཞིག་འཇོག མཚན་ཉིད་ནི། པཎ་ཆེན་འདུལ་བ་ལས། བཅོམ་ལྡན་འདས་ཀྱི་བཅས་པ་དང་འགལ་བར་ཞུགས་པའི་ཁ་ན་མ་ཐོ་བ། ལྟུང་བའི་མཚན་ཉིད། ཞེས་གསུངས་པའི་ཕྱིར། དེ་དབྱེ་ན་དགེ་སློང་ཕ་ལ་སྤང་བྱའི་ལྟུང་བ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་སློང་མ་ལ་སུམ་བརྒྱ་དང་དྲུག་ཅུ་རྩ་བཞི་ཡོད་པའི་ཕྱིར། དེ་གང་ཞེ་ན། དང་པོ་གྲུབ་སྟེ། ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་བཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་རྩ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག ། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སུ་ཡོད་པའི་ཕྱིར། དེ་དག་སྡོམ་གྱིས་བསྡུས་པ་ཡིན་ལ། སྡེ་ཚན་གྱི་སྒོ་ནས་བསྡུ་ན་ལྔ་སྟེ། ཕམ་པ་ལྷག་མ་ལྟུང་བྱེད་སོར་བཤགས་ཉེས་བྱས་རྣམས་སུ་ཡོད་པའི་ཕྱིར། བསྡུ་བ་ཡོད་དེ། དངོས་བསམ་གྱི་སྒོ་ནས་བསྡུ་བ་དང་། བྱེད་ལས་ཀྱི་སྒོ་ནས་བསྡུ་བ། ངོ་བོའི་སྒོ་ནས་བསྡུ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་གཙོ་ཆེ་བའི་ལྟུང་བ་དང་། འདུ་ཤེས་གཙོ་ཆེ་བའི་ལྟུང་བ་གཉིས་ཡོད་པའི་ཕྱིར། མཚན་གཞི་ཡོད་དེ། ཕམ་ལྷག་དང་པོ་གཉིས་དང་པོ་དང་། གཞན་རྣམས་གཉིས་པ་ཡིན་པའི་ཕྱིར་ཏེ། འོད་ལྡན་ལས། བསླབ་པའི་གཞི་ནི་གཉིས་ཏེ། དངོས་པོ་གཙོ་བོར་བྱ་བ་དང་། འདུ་ཤེས་གཙོ་བོར་བྱ་བའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་བྱེད་ལས་ཀྱི་སྒོ་ནས་བསྡུ་བ་ཡོད་དེ། སྡོམ་པ་གསོ་བའི་ལྷག་མ་མེད་པའི་ལྟུང་བ་དང་། དེའི་ལྷག་མ་དང་བཅས་པའི་ལྟུང་བ་གཉིས་སུ་ཡོད་པའི་ཕྱིར། མཚན་གཞི་ཡོད་དེ། ཐུན་མོང་བའི་ཕམ་པ་འཆབ་བཅས་བཞི་དང་པོ་དང་། གཞན་རྣམས་གཉིས་པ་ཡིན་པའི་ཕྱིར། གྲངས་ངེས་ཡོད་དེ། སྡེ་ལྔར་དབྱེར་ཡོད། དེ་ལས་གྲངས་མང་མི་དགོས་ཤིང་ཉུང་ན་མི་འདུ་བའི་ཕྱིར་དང་། བཅོམ་ལྡན་འདས་ཀྱི་ཆད་ལས་ལྕི་ཡང་གི་རིམ་པའི་དབང་དུ་བྱས་ཀྱང་ལྔར་ངེས་པའི་ཕྱིར། ལྔ་པ་གོ་རིམ་ཡོད་དེ། ལྕི་རིམ་གྱི་དབང་དུ་བྱས་ནས་དེ་ལྟར་བཞག་པའི་ཕྱིར། ཞེས་གསུངས།

{{#arraymap:ལྟུང་བ་

|; |@@@ | | }}