90590

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ས་དགྲ་ངན་པ་སྤང་བ་བཅུ་བདུན་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། ༡ གངས་རིའི་རྩེ་མོ་རི་བརྒྱུད་གཞན་གྱིས་བཅད་ནས་ཆེ་བ་མི་རྟ་ཙམ་དང་། ཆུང་བ་ཞྭ་ལྷམ་ཙམ་མཐོང་བ་བྱ་ར་བྱེད་པ་ཞེས་ས་དགྲ་ཆེན་པོ་སྟེ། དེས་མི་རྒྱུད་འཆད་པ་དང་གང་སྟོང་དང་ཐུམས་ཤི་དང་ཐུམས་ནད་སོགས་འབྱུང་། ༢ རི་གཞན་གྱི་རྩེ་མོ་མཐོང་ན་གསོད་དམ་མི་གསོད་བལྟ་བ་ཟེར། མི་རྒྱུད་ལ་གང་སྟོང་དང་སྐྱིད་སྡུག་དང་མཐོ་དམའ་ཡུལ་ལ་འཕོ་འཕྱུག་འོང་། ༣ རིའམ་ཁང་པའི་མཐའ་ནས་ཚུར་ལ་བྲག་གམ་རི་བོ་སེམས་ཅན་གྱི་གཟུགས་འདྲ་བ་ཚུར་ལ་ཟ་བའམ་སྲིན་མོ་རལ་བ་གཡེང་བའམ་གྲི་མཚོན་གཤིན་གྱི་ཁ་གདངས་པ་འཁོར་ལོའི་རྩིབས་ཟུག་པ་སྲིན་མོ་ཁྲོས་པའི་གདོང་མཚོན་གྱི་རྣོ་ངར་ཟུག་འདྲ་སེམས་ཅན་དུ་དཀྱུས་པ་དགྲ་མཆོང་འདྲ་བ་རྣམས་ས་དགྲ་ཡིན། དེས་མི་རྣམས་ཚེ་ཐུང་ནད་མང་བར་ཆོད་མང་གློ་བུར་ཡེ་འབྲོག་འབྱུང་ངོ་། ། ༤ མི་གཤགས་འདེབས་པ་ལྟ་བུའམ་སེང་གེ་ཁ་འཐབ་གྱད་འཐབ་པ་འདྲ་བ་བྱུང་ན་ས་དགྲ་སྟེ། གྲོང་དེར་ཁ་སྨྲས་གླེང་གཞི་མང་ཞིང་ནང་འཁྲུག་འཐབ་རྩོད་འབྱུང་ངོ་། ། ༥ ས་བོ་བ་ལྟ་བུ་སྟོད་སྨད་རལ་བ་འདྲ་བ་ཧར་ཀོང་ཧོར་ཀོང་དུ་སོང་བ་ཁང་ཁུང་མངལ་འཁྱོག་པ་རྣམས་ས་དགྲ་སྟེ། དེས་གྲོང་དེར་བཀྲ་མི་ཤིས་ཤི་ཆད་མང་ནོར་ལ་གང་སྟོང་ཆེའོ། ། ༦ རི་བྲག་སྡིག་པ་འདྲ་བའི་རྭ་བར་སྦྲུལ་ནག་ཐུར་རྒྱུག་འདྲ་བའི་སྣ་དང་ཆུ་སྲིན་ཁ་གདངས་དང་མཆོད་རྟེན་དང་གྲོག་སུལ་སྲིན་མོ་རལ་གཡེང་འདྲ་བ་བྱུང་ན་མཛེ་ཤུ་དམུ་ཆུ་དང་གློ་གཅོང་རྒྱུན་མི་འཆད་སྡུག་བསྔལ་དུ་མ་འབྱུང་ངོ་། ། ༧ རི་བྲག་བྱའི་སྡེར་འདྲ་བ་རྔ་མོའི་གདོང་ཟུག་པ་སེང་གེའི་གདོང་འདྲ་བ་སྦལ་མགོ་རུས་སྦལ་གདོང་འདྲ་སྟག་གི་མགོ་འདྲ་རྣམས་ཟུག་པ་ན་ཡུལ་འཕོ་འཕྱེ་བོ་དང་སྐེ་མཇིང་ཡན་ལག་དབང་པོ་ལ་སྐྱོན་ཅན་འོང་ཆུ་སེར་གྱི་ནད་མང་ངོ་། ། ༨ གཅན་གཟན་གྱི་ཁ་གདངས་མཆེ་བ་གཙིགས་པ་འདྲ་ན་གྲོང་མི་རྣམས་བྱེས་སུ་འཆི། དང་པོ་དར་ཡང་ཐ་མ་རྒུད་དོ། ། ༩ གྲམ་པའི་སྣ་དང་བུག་གསར་དང་དུར་ཁྲོད་ལྟ་བུ་ཉམས་མི་དགའ་བ་སྡིག་པ་འདྲ་བ་བརྗིད་ཆུང་བ་སྔར་ནི་ཆུ་ཡོད་པ་སྐམས་པ་དང་སའི་བཀྲག་ཉམས་པ་མདོག་སྐྱ་བ་ས་རིབ་རི་ཟད་གཤམ་སྣ་དང་། ཐང་ཟད་མགོ་མི་ལྤགས་ཐང་ལ་བརྒྱངས་འདྲ་འཇིགས་པའི་ས་དེ་འདྲ་བར་གནས་དགོན་བཏབ་ན་བསོད་ནམས་ཆུང་ནོར་མི་ཆགས་ཚེ་ཐུང་སྒབ་མི་འཕེལ་རྐྱེན་ངན་བར་ཆད་མང་ངོ་། ། ༡༠ ཕུ་ནས་གནམ་སྒོ་བྱེ་བ་འདྲ་ན་ནོར་ལ་གང་སྟོང་ཆེ་ཕོ་བརྒྱུད་ཀྱི་རབས་ཆད་དོ། །༡༡ སྲིན་མོ་ནག་པོ་འདོམས་བཟེད་འདྲ་བའི་ས་སྒོ་བྱུང་ན་ཁྲིམས་འཆལ་ནོར་ལ་གང་སྟོང་ཆེ་གཡེམ་ལ་དགའ་བའོ། ། ༡༢ རི་ཡོན་པོ་དང་ཐལ་བའི་མདོག་འདྲ་མྱ་ངན་བྱེད་འདྲ་རྒན་མོ་ཐུར་རྒྱུག་འདྲ་བས་མི་རྣམས་དབང་པོ་རྣམས་བཀྲ་མི་ཤིས་སོ། །༡༣ ཤར་དུ་མཆོད་རྟེན་གོག་པོ་བྱུང་བ། ལྷོར་བྲག་མེ་འབར་བ་འདྲ་བ། ནུབ་ཏུ་ཤིང་རྐང་གཅིག་བྱུང་བ། བྱང་དུ་རྫིང་ཆེན་མཚོ་འདྲ་རྣམས་བྱུང་ན་མི་རྣམས་དགྲ་མང་ཆོམ་རྐུན་དང་ནད་མང་ཉེས་པ་སྣ་ཚོགས་འབྱུང་བ་བཀྲ་མི་ཤིས་སོ། །༡༤ གྲོང་གི་ལོགས་སམ་བདུན་རྒྱབ་ཏུ་རི་གོང་ཉག་རྔ་མོའི་སྐེ་མཇིང་འདྲ་བའི་བྲག་དང་ཆུ་འཐབས་པ་ལམ་རྒྱ་གྲམ་དང་གྲོང་གི་གཉའ་བར་ལུང་པ་རང་ལ་ཁ་གདངས་འདྲ་བ་ལམ་དབྱིབས་དང་ས་སྣ་སྦྲུལ་ལྕེ་འདྲ་བས་དཔོན་བརྒྱུད་ཚེ་ཐུང་འཁོར་འཐོར་ངག་རྩུབ་བཟའ་མི་བྱེ་བྲལ་འོང་ནོར་ལ་གང་སྟོང་དང་དར་རྒུད་ཆེའོ། ། ༡༥ ཡུལ་གྱི་ས་གཞི་ཟངས་གོག་བཅོམ་པ་འདྲ་བ་གྲོང་ཁྱེར་ཞིག་འདྲ་རྒད་པོས་བྱ་ར་བྱེད་འདྲ་རྒན་མོ་ངུ་བ་འདྲ་བ་ས་རལ་ས་ཁྱིམ་རྡིབ་འདྲ་རྣམས་ཀྱིས་ཚིག་མི་བཙན་ནོར་མི་ཆགས་འདྲེ་ཆེ་འགལ་རྐྱེན་མང་ངོ་། ། ༡༦ ས་དང་བྲག་རྭ་ཡོ་བ་འདྲ་བ་བྱན་མདོག་འདྲ་བ་མྱ་ངན་གྱི་གཟུགས་འདྲ་བ་རྣམས་ཀྱིས་གཅོང་ནད་དང་མི་ཕྱུགས་དབང་པོ་ཉམས་པ་དང་མ་ཚང་བར་འགྱུར་རོ། ། ༡༧ ཆུ་བྲག་གི་བར་ན་གྲོང་ཡོད་པ་དང་ས་རལ་གྱིས་གྲོང་གི་མཐའ་བསྐོར་བ་དང་། ལམ་ཁ་ཕྲག་སྟེ་ལམ་སྣེ་གཉིས་སུ་གྱེས་པ་སྟག་སྐྱ་ཁ་གདངས་ཡིན་པའི་གཞུང་རལ་བ་ས་དགྲ་སྟེ་རྒྱལ་པོ་དང་དགེ་འདུན་གྱི་སྡེ་དགྲ་སྡང་ཞིང་འཇིགས་པ་ཆེན་པོ་འོང་ངོ་། །
Domain ཆོས་ལུགས།

{{#arraymap:ས་དགྲ་ངན་པ་སྤང་བ་བཅུ་བདུན་

|; |@@@ | | }}