93102

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་ཙམ་ལུགས་ཀྱི་ཀུན་ཉོན་གྱི་རྟེན་འབྲེལ་ (1)
Part of speech མིང་ཚིག
Definition ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ལ་ནང་གི་དང་། ཕྱིའི་རྟེན་འབྲེལ་གཉིས་ལས། ནང་གི་རྟེན་འབྲེལ་ལ། བརྟེན་པའི་དབང་དུ་བྱས་པ། མིག་དབང་གཟུགས་ཅན་པ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བ་ལྟ་བུ། རྟེན་གྱི་དབང་དུ་བྱས་པ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་ལྟ་བུ། གྲུབ་ཟིན་གནས་པའི་དབང་དུ་བྱས་པ། ཁམས་གསུམ་གྱི་སེམས་ཅན་རྣམས་ཟས་ལ་བརྟེན་ནས་གནས་པ་ལྟ་བུ། མ་གྲུབ་པ་གྲུབ་པའི་དབང་དུ་བྱས་པ། ལེགས་སྤྱད་དང་ཉེས་སྤྱད་ལ་བརྟེན་ནས་བདེ་འགྲོ་དང་། ངན་འགྲོ་སོ་སོར་འགྲུབ་པ་ལྟ་བུའོ། །ཕྱིའི་རྟེན་འབྲེལ་ལ། བརྟེན་པའི་དབང་དུ་བྱས་པ། ས་བོན་ལས་མྱུ་གུ། དེ་ལས་སྡོང་བུ་འབྱུང་བ་ལ་སོགས་པ་ལྟ་བུ། རྟེན་གྱི་དབང་དུ་བྱས་པ། སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་ལས་ཀྱི་སྣོད་ཀྱི་འཇིག་རྟེན་ཆགས་པ་དང་། འཇིག་པ་ལྟ་བུའོ་ཞེས་ཀུན་མཁྱེན་གོ་རམས་པའི་རྟེན་འབྲེལ་རབ་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:སེམས་ཙམ་ལུགས་ཀྱི་ཀུན་ཉོན་གྱི་རྟེན་འབྲེལ་

|; |@@@ | | }}