93105

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:17, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་ཙམ་ལུགས་ཀྱི་དབང་མངོན་དམིགས་རྐྱེན་ (1)
Part of speech མིང་ཚིག
Definition སྔོར་སྣང་དབང་ཤེས་ཀྱི་དངོས་རྒྱུར་གྱུར་པའི་སྔོར་སྣང་གི་བག་ཆགས་དེ་སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་ཏེ། ཚད་འབྲས་གཉིས་པའི་གཞུང་ལས། འདིར་འགའ་ཞིག་ནི་འགའ་ཞིག་གི ། བག་ཆགས་རབ་ཏུ་སད་བྱེད་པ། །དེ་ཕྱིར་བློ་ནི་རྣམ་ངེས་ཀྱི། །ཕྱི་རོལ་དོན་ལྟོས་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་དོན་ཡང་སྔོར་སྣང་དབང་ཤེས་སྔོར་སྣང་གི་བག་ཆགས་སྔ་མ་ལ་བརྟེན་ནས་སྐྱེ་བའི་ཕྱིར་ན། ཕྱི་དོན་སྔོན་པོ་ལ་ལྟོས་ནས་མི་སྐྱེ་ཞེས་པའོ། །འདིར་འགའ་ཞིག་ནི་ཞེས་པ་རྒྱུ་དང་། འགའ་ཞིག་གི་ཞེས་དང་། བློ་ནི་ཞེས་པ་འབྲས་བུའི་སྐབས་ཡིན་ཞིང་། འདིའི་རྒྱུ་འབྲས་ཐམས་ཅད་ཤེས་པ་ནང་ཕན་ཚུན་ཁོ་ནའོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། །
Domain ཚད་མ།

{{#arraymap:སེམས་ཙམ་ལུགས་ཀྱི་དབང་མངོན་དམིགས་རྐྱེན་

|; |@@@ | | }}