93196

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:19, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེམས་སེམས་བྱུང་ (1)
Part of speech མིང་ཚིག
Definition སེམས་ནི། དོན་གྱི་ངོ་བོ་ཙམ་ཡོངས་སུ་དཔྱོད་པ། སེམས་བྱུང་ནི། དོན་གྱི་ཁྱད་པར་ཙམ་ཡོངས་སུ་དཔྱོད་པ། ཅིའི་ཕྱིར་སེམས་ལ་གཙོ་བོ་དང་། སེམས་བྱུང་ལ་འཁོར་ཞེས་བརྗོད་ཅེ་ན། མིག་ཤེས་གང་ཇི་སྙེད་སྐྱེས་པ་ཐམས་ཅད་ནི། མིག་དབང་ཁོ་ན་ལ་བརྟེན་པ་དང་། གཟུགས་ཁོ་ནའི་ཡུལ་ཅན་དུ་ངེས་པའི་ཕྱིར། མིག་དབང་ལ་བརྟེན་པའི་གཙོ་བོ་དང་། གཟུགས་ཀྱི་ཡུལ་ཅན་གྱི་གཙོ་བོ་ཡིན་ལ། སེམས་བྱུང་རྣམས་ནི། གཙོ་བོ་མིག་ལ་བརྟེན་པའི་དབང་གིས་དེ་ལ་བརྟེན་པ་ཡིན་གྱི། དེ་ཁོ་ན་ལ་བརྟེན་པར་མ་ངེས་ཏེ། ཉན་ཤེས་ཀྱི་འཁོར་དུ་བྱུང་བའི་ཚེ་རྣ་བ་ལ་བརྟེན་པའི་ཕྱིར་དང་། གཟུགས་ཁོ་ནའི་ཡུལ་ཅན་དུ་མ་ངེས་ཏེ། རེས་འགའ་སྒྲའི་ཡུལ་ཅན་དུའང་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་སེམས་བྱུང་ལ་འཁོར་ཞེས་བྱ་ཞེ་ན། རྣམ་པ་ལྔས་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་ཏེ། དམིགས་པའི་སྒོ་ནས་སེམས་ཀྱི་རྗེས་སུ་འབྲང་སྟེ། གཙོ་བོ་མིག་ཤེས་གཟུགས་ལ་དམིགས་པའི་དབང་གིས་དེ་ཡང་གཟུགས་ལ་དམིགས་པའི་ཕྱིར། རྟེན་གྱི་སྒོ་ནས་རྗེས་སུ་འབྲང་སྟེ། དེ་མིག་ལ་བརྟེན་པའི་དབང་གིས་འཁོར་ཡང་དེ་ལ་བརྟེན་པའི་ཕྱིར། ལྷག་མ་རྣམས་ཀྱང་འདི་ལྟར་རོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་རིགས་གཏེར་རྣམ་བཤད་ལས་སོ། །
Domain ཚད་མ།

{{#arraymap:སེམས་སེམས་བྱུང་

|; |@@@ | | }}