93549

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 18:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སོ་སོར་ཐར་པའི་སྡོམ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ངོ་བོ་ནི། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། གཞན་གནོད་གཞིར་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །དེས་ན་སོ་ཐར་དུ་འགྱུར་བ་ལ་ངེས་འབྱུང་གི་བསམ་པ་ངེས་པར་དགོས་ཏེ། མདོ་རྩ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཞེས་པ་དང། སུམ་བརྒྱ་པ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང། །ཞེས་དང། མཛོད་འགྲེལ་ལས། ཅི་ཕྱི་རོལ་པ་རྣམས་ལ་ཡང་དག་པར་བླངས་བའི་ཚུལ་ཁྲིམས་མེད་དམ་ཞེ་ན། ཡོད་མོད་ཀྱི། སོ་སོར་ཐར་པའི་སྡོམ་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྲིད་པ་ལ་བརྟེན་པའི་ཕྱིར་གཏན་དུ་སྡིག་པ་ལས་སོ་སོར་ཐར་པར་བྱེད་པ་མ་ཡིན་ནོ་ཞེས་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:སོ་སོར་ཐར་པའི་སྡོམ་པ་

|; |@@@ | | }}

སོ་སོར་ཐར་པའི་སྡོམ་པ་ (2)
Part of speech མིང་ཚིག
Definition པྲ་ཏི་མོཀྵ་ཞེས་པ་པྲ་ཏི་སོ་སོའམ་ཐ་དད་པ་སྟེ་སྡོམ་པ་ཐོབ་པའི་ཚེ། སྡིག་པའི་ཆོས་ཀྱི་གཉེན་པོ་སྐྱེས་པས་སྤང་བྱ་ལས་རྒྱུད་སོ་སོར་གྲུབ་པའམ་འགགས་པའོ། །མོཀྵ་ནི་ཐར་པའམ་གྲོལ་བར་གྱུར་པ་སྟེ་དངོས་སུ་སྡིག་པ་ལས་ཐར་ཅིང། བརྒྱུད་ནས་ངན་སོང་དང་འཁོར་བ་ལས་གྲོལ་བའོ། །ཡང་ན་སྡོམ་པ་ཐོབ་པའི་གང་ཟག་དེ། དང་པོར་སྤང་བྱ་ལས་གྲོལ་བའོ། །ཡང་ན་གང་ཟག་རྒྱུད་སོ་སོ་བ་ཐར་པའི་འཇུག་ངོགས་སུ་མངོན་པར་ཕྱོགས་པའོ། །གྲངས་བརྒྱད་དམ་བདུན་དུ་ཡོད་ལ། རྫས་བཞིར་འདུས་ཏེ་ཕན་ཚུན་མཚན་གྱུར་པས་སྡོམ་པ་ལ་འཕེལ་འགྲིབ་མེད་པའི་ཕྱིར་རོ། །དགེ་སློང་དང་དགེ་ཚུལ་དང། དགེ་བསྙེན་རྟེན་ཕོ་མོས་ཕྱེ་བ་དྲུག་དང། དགེ་སློབ་མ་དང་བསྙེན་གནས་དང་བརྒྱད་དོ། །ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །

{{#arraymap:སོ་སོར་ཐར་པའི་སྡོམ་པ་

|; |@@@ | | }}

སོ་སོར་ཐར་པའི་སྡོམ་པ་ (3)
Part of speech མིང་ཚིག
Definition མཚན་ཉིད། འཆལ་ཚུལ་གྱི་རྒྱུན་སྡོམ་པར་བྱེད་པའི་ཆོས་འདི་པ་དག་གི་འདོད་པ་ན་སྤྱོད་པའི་ཚུལ་ཁྲིམས་སོ། །དབྱེ་བ་ནི་རྫས་བཞི་ཁོ་ནའོ། །

{{#arraymap:སོ་སོར་ཐར་པའི་སྡོམ་པ་

|; |@@@ | | }}

སོ་སོར་ཐར་པའི་སྡོམ་པ་ (4)
Part of speech མིང་ཚིག
Definition ངོ་བོ་ལ་བྱེེ་བྲག་ཏུ་སྨྲ་བ་ནི། རིག་བྱེད་མ་ཡིན་པའི་གཟུགས་སུའོ། །

{{#arraymap:སོ་སོར་ཐར་པའི་སྡོམ་པ་

|; |@@@ | | }}

སོ་སོར་ཐར་པའི་སྡོམ་པ་ (5)
Part of speech མིང་ཚིག
Definition མདོ་སྡེ་པ་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད་དེ། མཛོད་འགྲེལ་ལས། ལས་སྔོན་དུ་འགྲོ་བའི་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ནོ། །དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ། །ཞེས་གསུངས་པས་སོ། །

{{#arraymap:སོ་སོར་ཐར་པའི་སྡོམ་པ་

|; |@@@ | | }}

སོ་སོར་ཐར་པའི་སྡོམ་པ་ (6)
Part of speech མིང་ཚིག
Definition སེམས་ཙམ་པ་ནི། སེམས་པ་ས་བོན་དང་བཅས་པ་ལ་འདོད་ལ། དེ་ཡང་སེམས་པ་རྐྱང་པ་ལ་བྱས་ན་རྒྱུན་མེད་ལ། བག་ཆགས་ཙམ་ལ་བྱས་ན་འཆི་འཕོས་ནས་ཀྱང་རྗེས་སུ་འབྲང་བའི་ཕྱིར། དོན་དེ་ཉིད་ལས་གྲུབ་པའི་རབ་ཏུ་བྱེད་པ་ལ་གསལ་བར་གསུངས་པ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །

{{#arraymap:སོ་སོར་ཐར་པའི་སྡོམ་པ་

|; |@@@ | | }}

སོ་སོར་ཐར་པའི་སྡོམ་པ་ (7)
Part of speech མིང་ཚིག
Definition མིང་གི་རྣམ་གྲངས་ནི། སོ་ཐར་སྡོམ་པ། ངེས་འབྱུང་གི་བསམ་པས་ཟིན་པའི་སྡོམ་པ། ངེས་འབྱུང་གི་ཚུལ་ཁྲིམས། ཐར་ལམ་དུ་གྱུར་པའི་སྡོམ་པ། ཐར་ལམ་ལ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་སྡོམ་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། ཁ་སྐོང་ལས། དེས་ན་ངེས་འབྱུང་ཚུལ་ཁྲིམས་དང་། །སོ་ཐར་དོན་གཅིག་འདུལ་བའི་ལུགས། །ཞེས་གསུངས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་སྤྱི་དོན་ཀུན་གསལ་ནོར་བུའི་འོད་ཕྲེང་ལས་སོ། །

{{#arraymap:སོ་སོར་ཐར་པའི་སྡོམ་པ་

|; |@@@ | | }}