94886
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མཚན་ཉིད། ཡུལ་མཆོག་ལ་བརྟེན་པར་ཁས་ལེན་པའོ། །སྒྲ་དོན་ནི། ཤཱར་ཎཾ་གཙྪཱ་མི་ཞེས་བྱ་བ་སྐྱོབ་པས་ན་སྐྱབས། དེ་ལ་རྟེན་པར་བསྙེན་པས་ན་འགྲོ་བའོ། །དབྱེེ་ན། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་གཉིས། དང་པོ་ལ། བློ་འཇིག་རྟེན་དང་། ཡུལ་འཇིག་རྟེན་གཉིས་། འཇིག་རྟེན་ལས་འདས་པ་ལའང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་བ་ལའང་ཉན་ཐོས་དང་། རང་སངས་རྒྱས་གཉིས། ཐུན་མོང་མ་ཡིན་པ་ལའང་ཕ་རོལ་ཏུ་ཕྱིན་པ་དང་། །རྡོ་རྗེ་ཐེག་པ་གཉིས་ཏེ་དྲུག་གོ ། ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པའི་དགོངས་གསལ་ལས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྐྱབས་འགྲོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | དཀོན་མཆོག་ལ་སྐྱབས་ཞུ་བའི་སྐྱབས་སེམས་ཀྱི་བློ་ཞིག་ཡིན། སྐྱབས་འགྲོའི་ངོ་བོ་ནི། ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག་ལས། ཡུལ་ཁྱད་པར་ཅན་གྱིས་ཟིན་པའི་འཇིགས་པ་སེལ་བ་ནི། སྐྱབས་འགྲོའི་མཚན་ཉིད་དུ་གསུངས་སོ། །རྒྱུད་ལ་སྐྱེད་ཚུལ་ནི། དཔོན་གསས་དང་ཆོ་ག་གདམས་ངག་སོགས་ལ་བརྟེན་ནས་བསྐྱེད་ཚུལ་དང་། ཕྲ་བ་བོན་ཉིད་ཟབ་མོ་ཉམས་ལེན་བྱེད་པར་བརྟེན་ནས་བསྐྱེད་ཚུལ་གཉིས་ཙམ་ཡོད་དེ། ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་ལས། ཆོ་ག་ལ་སོགས་བརྡ་ལས་བླང་བའི་སྐྱབས་འགྲོ་སྡོམ་པ་དང། བོན་ཉིད་ལས་ཐོབ་པའི་སྐྱབས་འགྲོའི་སྡོམ་པ། ཞེས་སོ། །དབྱེ་བ་ལ། སྐྱབས་སོང་ཙམ། སྐྱབས་འགྲོ་ཁྱད་པར་ཅན་དང་གཉིས་ཡོད་དེ། ས་ལམ་འཕྲུལ་གྱི་སྒྲོན་མེའི་རང་འགྲེལ་ལས། སྐྱབས་སོང་ཙམ་དང་། སྐྱབས་འགྲོ་ཁྱད་པར་ཅན། ཞེས་སོ། ༡. སྐྱབས་འགྲོ་ཙམ་ནི། ལམ་མ་ཞུགས་པའི་གང་ཟག་གི་རྒྱུད་ལ་ཡོད་དེ། ཤེར་ཕྱིན་སྐབས་དང་པོ་ལས། ལམ་མ་ཞུགས་པའི་སོ་སྐྱེའི་རྒྱུད་ཀྱི་སྐྱབས་འགྲོའི་སྡོམ་པ། ཞེས་སོ། །༢. སྐྱབས་འགྲོ་ཁྱད་པར་ཅན་ནི། ལམ་ཞུགས་ཡན་ཆད་ལ་ཡོད་དེ། དེ་ཉིད་ལས། ལམ་ཞུགས་སྐྱེས་བུའི་རྒྱུད་ཀྱི་སྐྱབས་སྡོམ་ལྟ་བུའོ། །ཞེས་སོ། །མདོ་སྔགས་སོ་སོ་ནས་སྐྱབས་འགྲོ་ཉམས་ལེན་གནང་སྟངས་དང་། མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་སྐྱབས་འགྲོ་ཉམས་ལེན་གནང་སྟངས་སོགས་ཡོད་པས། འདིར་ཡིག་ཚོགས་མང་རྐྱེན་མ་བྲིས། བོན་གྱི་མདོ་སྔགས་སོགས་ལས་གསལ་བས་དེར་གཟིགས་དགོས། |
{{#arraymap:སྐྱབས་འགྲོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྡུག་བསྔལ་རྣམས་འཇིགས་པའི་གནས་སུ་མཐོང་ཞིང༌། དཀོན་མཆོག་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་རྟོགས་པའི་སྒོ་ནས་དཀོན་མཆོག་གསུམ་སྡུག་བསྔལ་སྐྱོབ་པའི་དཔུང་གཉེན་དུ་དམ་བཅའ་བ་དེ། སྐྱབས་འགྲོའི་མཚན་ཉིད། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། ལུས་ངག་ཡིད་ཀྱི་སྐྱབས་འགྲོ་གསུམ། དམན་མཆོག་གི་སྒོ་ནས་དབྱེ་ན། སྐྱེས་བུ་ཆུང་དུ་འབྲིང༌། ཆེན་པོའི་སྐྱབས་འགྲོ་དང་གསུམ། ས་མཚམས་ཀྱི་སྒོ་ནས་དབྱེ་ན། རྒྱུ་དུས་ཀྱི་སྐྱབས་འགྲོ་དང༌། འབྲས་དུས་ཀྱི་སྐྱབས་འགྲོ་གཉིས། རགས་པ་དང་ཕྲ་བའི་སྒོ་ནས་དབྱེ་ན། བརྡ་བྱུང་གི་སྐྱབས་འགྲོ་དང༌། ཆོས་ཉིད་ཀྱིས་ཐོབ་པའི་སྐྱབས་འགྲོ་གཉིས་རྣམས་སུ་ཡོད་དོ། །དང་པོ་ནི། ལུས་ཀྱི་ཕྱག་ལྟ་བུ། གཉིས་པ་ནི། ངག་གི་ཕྱག་ལྟ་བུ། གསུམ་པ་ནི། ཡིད་ཀྱི་ཕྱག་ལྟ་བུ། བཞི་པ་ནི། རང་ཉིད་ངན་སོང་གི་སྡུག་བསྔལ་གྱི་ཤིན་ཏུ་འཇིགས་པའི་སྒོ་ནས་དེ་ལས་ཐར་བའི་ཕྱིར། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་ལྟ་བུ། ལྔ་པ་ནི། རང་ཉིད་འཁོར་བའི་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལྟ་བུ། དྲུག་པ་ནི། སྙིང་རྗེ་ཆེན་པོས་ཀུན་ནས་སླང་སྟེ་སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་ཕྱིར་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་ལྟ་བུའོ། །བདུན་པ་ནི། ལམ་མ་ཞུགས་དང༌། སློབ་ལམ་གྱི་གནས་སྐབས་ཀྱི་སྐྱབས་འགྲོ་ལྟ་བུའོ། །བརྒྱད་པ་ནི། སངས་རྒྱས་ཀྱི་སའི་སྐྱབས་འགྲོ་ལྟ་བུའོ། །དགུ་པ་ནི། མཁན་སློབ་སོགས་གཞན་གྱིས་བསྟན་པའི་རྗེས་སུ་འབྲང་པའི་སྐྱབས་འགྲོ་ལྟ་བུ། བཅུ་པ་ནི། སྔོན་སྐྱབས་འགྲོ་བྱས་པའི་བག་ཆགས་བློ་བུར་དུ་སད་པའི་སྟོབས་ཀྱིས་བྱུང་བའི་སྐྱབས་འགྲོ་དང༌། ཆོས་ཉིད་རྟོགས་པའི་མཐུ་ལས་བྱུང་བའི་སྐྱབས་འགྲོ་ལྟ་བུ་སྟེ། ཆོས་ཉིད་ཀྱིས་ཐོབ་པའི་རྒྱུ་སྙོམས་འཇུག་གིས་བསམ་གཏན་བཞིན་ནོ། ། |
{{#arraymap:སྐྱབས་འགྲོ་
|; |@@@ | | }}