95377
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལོ་རྒྱུས་ཀྱིས་དགེ་ཐོན་པ་ནི། སྔོན་གྱི་ལོ་རྒྱུས་ལ་ཡིད་ཆེས་ཤིང་ཁུངས་དང་ལྡན་པ་གླེང་བ་ལ་བརྟེན་ནས་ཉན་པ་པོའི་བློ་སྒོ་འབྱེད་ནུས་པ། གཏམ་གྱིས་བཞད་གད་ལྷོངས་པ་ནི། མང་པོ་ཚོགས་པའི་དབུས་སུ་རྒོད་བྲོ་ཞིང་ཡ་མཚན་པའི་གཏམ་གླེང་བ་ལ་བརྟེན་ནས་ཉན་པ་པོ་རྣམས་རང་དབང་མེད་པར་གད་མོ་འཆོར་དུ་འཇུག་ནུས་པ། ཤགས་ཀྱིས་ཕ་རོལ་གནོན་པ་ནི། གཞན་དང་ཤགས་འགྱེད་བྱས་པ་ལ་བརྟེན་ནས་སྨྲ་བ་ལ་མཁས་པ་རྣམས་ཀྱང་ལན་མེད་པར་བྱེད་ནུས་པ། མཐེབ་ཀྱིས་ཤ་ནོན་པ་ནི། ལུས་ཤེད་ལ་བརྟེན་ནས་སྟོབས་ཆེན་ས་ལ་བསྒྱེལ་ནུས་པ། རྐྱལ་གྱིས་ཆུ་ཆེན་གཅོད་པ་ནི། དྲག་ཏུ་རྒྱུག་པའི་ཆུ་ཀླུང་ཆེན་པོ་ཡང་ཆུ་རྐྱལ་ལ་བརྟེན་ནས་ཕ་རོལ་དུ་བགྲོད་པ། ཡང་རྩལ་བྱ་ལྟ་བུ་ནི། མཆོངས་པ་དང༌། རྒྱུགས་པ། ཐག་རྩེད་ཤིང་རྩེད་སོགས་ལ་ལུས་པོ་ཡང་རྩལ་ཆེ་བ་བྱ་ལྟ་བུ། ཁ་གསལ་ལ་གཏིང་མི་རྟོགས་པ་ནི། གཏམ་སྨྲ་བའི་ཚེ་ཁ་གསལ་ཡང་སེམས་ཀྱི་གདེངས་ཚོད་སུས་ཀྱང་མི་ལོན་པ། མཛངས་ལ་བློ་འགྱུ་བ་ནི། བྱ་བ་སྒྲུབ་པའི་ཐབས་ལ་མཁས་ཤིང་སྣེ་མང་གི་འགྱུར་ལྡོག་འཕྲལ་དུ་མཐོང་ཐུབ་པ། དཔའ་ལ་བསྲན་ཚུགས་པའོ། ། |
Domain | ལོ་རྒྱུས། |
{{#arraymap:སྐྱེས་པ་འོས་པའི་རྩལ་སྣ་དགུ་
|; |@@@ | | }}