2113

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 11:39, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆབས་ཅིག
Tibetan Definition ལྷན་ཅིག དུས་གཅིག དུས་མཉམ། ཐབས་ཅིག ཕྱོགས་གཅིག འདྲ་བའི་དོན་ལའང་བཤད། བོད་ཀྱི་བརྡ་རྙིང་ལ་ཆབ་གཅིག་ཅེས་བྲིས་ཡོད། བརྡ་རྙིང་དུ་ཕྱོགས་གཅིག ཆབ་གཅིག ཚོམ་གཅིག་རྣམས་དོན་འདྲ་བར་སི་ཏུ་འགྲེལ་ཆེན་ལས་བཤད། བརྡ་རྙིང་དུ་ཆབས་གཅིག་ཅེས་ཀྱང་འབྲི་སྲོལ་ཡོད་འདུག འོན་ཀྱང་རྟགས་མཚུངས་འདྲེན་ཚུལ་གྱི་དབང་གིས་གས་འཕུལ་དོར་བ་ཡིན་ཏེ། ཆབས་གཅིག་ཅེས་པའི་རྗེས་འཇུག་ས་ཡིག་ནི་ཕོ་ཡིན་ལ། གཅིག་ཅེས་པའི་སྔོན་འཇུག་ག་ཡིག་ནི་གསལ་བྱེད་ཀྱི་མོ་ཡིག་ཡིན་པས་དེ་ཕྱིས་ན་ཆབས་ཅིག་ཅེས་གྲུབ་བོ། །འོ་ན་དུས་གཅིག་དང་ཕྱོགས་གཅིག་ལའང་མཚུངས་སོ་ཞེ་ན། འདི་ནི་རྟོག་ལྡན་གྱི་དོགས་པར་སྣང་བས་ད་དུང་དཔྱད་པར་འོས་སོ། །