1592

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:41, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan རྣམ་པར་ཐར་པའི་སྒོ་གསུམ།
Tibetan Alternate
Tibetan Definition རྣམ་པར་ཐར་པ་ནི་མྱ་ངན་ལས་འདས་པ་ལ་བྱ་ཞིང་། སྒོ་གསུམ་ནི་ཐར་པ་དེ་ཐོབ་པར་བྱེད་པའི་རྒྱུའམ་ཐབས་ཏེ་ཏིང་ངེ་འཛིན་གསུམ་ལ་བྱའོ། །

1.དེ་ལ་ཆོས་རྣམ་པ་གཉིས་ཏེ། མེད་པའི་ཆོས་དང་། ཡོད་པའི་ཆོས་སོ། དེ་ཡང་ཀུན་བཏགས་ཀྱི་མཚན་ཉིད་ནི་མེད་པའི་ཆོས་ཏེ། དེ་བསྒོམ་པ་ནི་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། ། 2.ཡོད་པའི་ཆོས་ཀྱང་རྣམ་པ་གཉིས་ཏེ། འདུས་བྱས་དང་། འདུས་མ་བྱས་སོ། ། དེ་ལ་གཞན་གྱི་དབང་གི་མཚན་ཉིད་ནི་འདུས་བྱས་ཏེ། གཞན་དབང་འདུས་བྱས་དེ་དང་ཇི་སྲིད་འགྲོགས་པ་དེ་སྲིད་དུ་སྡུག་བསྔལ་ཡིན་ནོ་ཞེས་སྤོང་བར་བྱེད་པ་ནི་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། ། 3.ཡོངས་སུ་གྲུབ་པའི་མཚན་ཉིད་ནི་འདུས་མ་བྱས་ཏེ། དེ་ལ་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་མཚན་མར་གྲུབ་པ་མེད་དེ། དེ་ཐོབ་པར་བྱེད་ཅིང་འདྲིས་པར་བྱེད་པ་ནི་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་ཞེས་བྱའོ། ། (སྐབས་འདིར་འགྲེལ་པའི་སྐབས་མཚན་མ་མེད་པའི་རྣམ་པར་ཐར་པའི་གོང་དུ་སྨོན་པ་མེད་པ་གསུངས་འདུག་པ་དེ་བཞིན་དུ་བཀོད་ལགས།)

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ཤ་ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number