1730

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:41, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་གསུམ་དང་ལྡན་ན་རྒྱལ་རིགས་དང་བསྐུལ་བ་མཉམ་པར་འགྱུར་བ་གསུམ།
Tibetan Alternate
Tibetan Definition དེ་ཡང་། དཀོན་བརྩེགས་སྡོམ་གསུམ་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.བྱང་ཆུབ་སེམས་དཔའ་ཁྱིམ་པས་སྔོན་མ་མཐོང་བའི་དགེ་སྦྱོང་དང་བྲམ་ཟེ་དག་མཐོང་ན། འདི་དག་ནི་སྦྱིན་གནས་སོ། ། འདི་དག་ནི་མཆོད་པར་འོས་སོ། ། འདི་དག་ནི་ཕྱག་བྱ་བར་འོས་སོ། ། འདི་དག་ནི་བསོད་ནམས་ཀྱི་ཞིང་ངོ་ཞེས་དགའ་བ་བསྐྱེད་དེ་དེ་དགའ་བར་གྱུར་པའི་སེམས་ཀྱིས་གོས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མགྲོན་དུ་གཉེར་ཏེ། ཆོས་དང་པོ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་བསྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། 2.གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཡི་དམ་སྙིང་པོ་ཅན་ལ་གནས་པ་ཡིན་ཏེ། དེ་ཡི་དམ་སྙིང་པོ་ཅན་ལ་གནས་པས། ཇི་སྐད་སྨྲས་པ་བཞིན་བྱེད་ཅིང་། བརྫུན་དུ་མི་སྨྲ་བ་ཡིན་ཏེ། ཆོས་གཉིས་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་བསྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། ། 3.་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་སྦྱོང་དང་བྲམ་ཟེའི་ཚུལ་ཁྲིམས་དང་ལྡན་པ་དེ་དག་ལ་བསྙེན་བཀུར་བྱས་ནས་སྙིང་པོ་ལེན་ཏེ། ཆོས་གསུམ་པ་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཁྱིམ་པ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་བསྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །

Tibetan Source 《དཀོན་བརྩེགས་ཀ་པ་》ཤ་65བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number