1819

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:41, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan མ་འདྲེས་པའི་ཉེ་བར་གཞག་པ་གསུམ།
Tibetan Alternate
Tibetan Definition དེ་ཡང་། སྐྱེ་བོ་དང་། ཉན་ཐོས་དག་ལ་མེད་ཀྱི་སངས་རྒྱས་ཉི་ཚེ་ལ་མངའ་བ་ནི་མ་འདྲེས་པའི་ཉེ་བར་གཞུག་པ་ཞེས་བྱ་སྟེ།

1.གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ་ནི། སློབ་མ་འཁོར་གུས་པ་དང་རིམ་གྲོ་བསྐྱེད་དེ་འགྲུས་པར་ཆོས་ཉན་ན་ཡང་ལྷག་པར་དགའ་བ་ཡང་མེད་པས་གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པའོ། ། 2.གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ་ནི། ཞེ་ས་མེད་ཅིང་གྱོང་སྟེ་རིམ་གྲོ་ཆུང་བ་དང་ཆོས་ཉན་དུ་མི་བཏུབ་ན་ཡང་ངན་སེམས་ཞེ་སྣང་མི་འབྱུང་བས་ན་གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པའོ། ། 3.གུས་པར་ཉན་པ་དང་། གུས་པར་མི་ཉན་པ་རྣམས་ལ་སེམས་སྙོམས་པ་ནི། བར་བར་གུས་ཤིང་རིམ་གྲོ་དང་ཆོས་ཉན་པ་ལ་འགྲུས། བར་བར་མི་འགྲུས་ཏེ། རིམ་གྲོ་དང་ཆོས་ཉན་དུ་ཡང་མི་བཏུབ་ན། དེ་ལ་ཡང་གུས་པའི་ཚེ་དགའ་བ་ཡང་མི་སྐྱེ། མི་གུས་པ་ལ་ཁྲོ་བ་ཡང་མི་འབྱུང་བ་ནི་གུས་པར་ཉན་པ་དང་། གུས་པར་མི་ཉན་པ་ལ་སེམས་སྙོམས་པ་ཞེས་བྱའོ། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number