2017

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:42, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan གཞི་སྣང་བ་རིས་སུ་བཅད་པས་སེམས་ཅན་དུ་འཁྲུལ་པའི་རྒྱུ་མ་རིག་པ་ལ་གསུམ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏིའི་གཞི་ལས་བྱུང་བ་སྟེ།

1.དོན་གྱི་མ་འཁྲུལ་པའི་ཆ་ལ་རང་མ་རིག་པས་བརྟགས་ནས་འཁྲུལ་པར་སོང་བ་ལ་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱའོ། ། 2.དེ་ཉིད་ངོ་མ་ཤེས་པ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་སྟེ་འཁོར་འདས་གཉིས་ཀྱི་སྣང་ཆར་བྱུང་བའོ། ། 3.ཡུལ་ཐ་དད་སྣང་བ་ལ་སོ་སོར་ཀུན་ཏུ་བརྟག་དཔྱད་སྐྱེས་པས་ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་བྱ་བའོ། །

Tibetan Source 《མདོ་རྒྱུད་མཛོད་བི་པ་》ཤ་49.26ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number