2333

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:44, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་དང་བསྒྱུར་བའི་མདོ་སྔགས་གཞུང་གི་རྣམ་གྲངས་གསུམ།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གསུམ་གངས་ཅན་གྱི་གྲུབ་མཐའ་སྤྱི་ལས་བྱུང་བ་སྟེ།

1.གླང་གི་ལོ་མཇུག་སྟག་གི་ལོ་མགོའི་བར༔ གསང་སྔགས་ཕྱི་པ་ཀྲི་ཡོག་སྡེ་གསུམ་རྒྱུད༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་བསྒྱུར་ནས་གསུངས༔ ཞེས་སོ། ། 2.གསང་སྔགས་ནང་པ་ཡོ་ག་རྣམ་གསུམ་རྒྱུད༔ བཻ་རོ་ཙ་ནས་ལོ་ཙཱ་བསྒྱུར་ནས་གསུངས༔ ཞེས་སོ། ། 3.སྐུ་རིམ་ཕྱི་སྐོངས་རྒྱལ་པོའི་མདོ་བཅུ་བསྒྱུར༔ ཞེས་པ་སྟེ། (1)ཤེས་རབ་སྙིང་པོ་ཟབ་མོ་ལྟ་བའི་མདོ༔ (2)འདའ་ཀ་ཡེ་ཤེས་ངེས་དོན་སྒོམ་པའི་མདོ༔ (3)བཟང་པོ་སྤྱོད་པ་རྒྱ་ཆེན་སྨོན་ལམ་མདོ༔ (4)དོ་རྗེ་རྣམ་པར་འཇོམས་པ་ཁྲུས་ཀྱི་མདོ༔ (5)བྱང་ཆུབ་ལྟུང་བཤགས་ལས་སྒྲིབ་དག་པའི་མདོ༔ (6)གཙུག་ཏོར་ནས་བྱུང་གདུགས་དཀར་ཟློག་པའི་མདོ༔ (7)གསང་བདག་གོས་སྔོན་ཅན་ནི་བསྲུང་བའི་མདོ༔ (8)མགོན་པོ་ཚེ་དཔག་མེད་པ་ཚེ་སྲིང་མདོ༔ (9)ནོར་གྱི་རྒྱུན་མ་ལོངས་སྤྱོད་སྤེལ་བའི་མདོ༔ (10)ཡི་གེ་གཅིག་མ་སྙིང་པོའི་མདོ་རྣམས་བསྒྱུར༔ ཞེས་སོ། །

Tibetan Source 《མདོ་རྒྱུད་མཛོད་ངི་པ་》ཤ་795.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number