2827

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 12:47, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan ཅོག་བཞག་བཞི།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་གཉིས་པ་ཐོད་རྒལ་སྒོམ་པའི་རིམ་པ་ལས་བྱུང་བ་སྟེ།

1.རི་བོ་ཅོག་བཞག་གི་ལྟ་བ་ནི། རི་བོ་ཅོག་བཞག་རིག་དང་ཐག་ཆོད་གཞག ། ཅེས་རི་བོ་ཅོག་གཞག་གི་ལྟ་བ་ནི་དབྱིངས་རིག་གི་ངང་ལ་ཐག་ཆོད་ཀྱི་དགོངས་པ་འཕོ་འགྱུར་མེད་པར་གསལ་ལེ་ཧྲིག་གེ་བཞག་པ་སྟེ། རྒྱུད་དེ་ཉིད་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། ། ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། ། ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ། ། དོན་གྱི་ངོ་བོ་རིག་པ་དེ་ཉིད་ལ། ། བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། ། བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། ། ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། ། མཐོང་བ་མ་ཡིན་མཐོང་བྱེད་རྣམ་པར་གསལ། ། སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་བཅུར་རྒྱས། ། རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། ། གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། ། ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། ལྟ་བྱེད་མ་ཡིན་རྟག་ཆད་གཉིས་ལས་འདས། ། དེ་ལ་ལྟ་བ་མེད་པས་བལྟ་རུ་མེད། ། དོན་ལས་མི་འདའ་ལྟ་བ་ངང་གིས་མེད། ། དེ་ཡོད་མ་ཡིན་དེ་ཡིས་ངང་ལ་གནས། ། ཞེས་སོ། ། 2.རྒྱ་མཚོ་ཅོག་བཞག་གི་དགོངས་པ་ནི། རྒྱ་མཚོ་ཅོག་བཞག་ཞེན་འཛིན་རླབས་མེད་དྭངས། ། ཞེས་མིག་ཆུའི་རྒྱ་མཚོར་སྟོང་གཟུགས་གཟའ་སྐར་གྱི་གཟུགས་བརྙན་ཤར་བའི་ཚེ་དགག་སྒྲུབ་ཆགས་ཞེན་དུ་འཛིན་པའི་དབའ་རླབས་མེད་པར་ཤེས་པ་དྭངས་སེང་ངེ་སྤྲོ་བསྡུ་མེད་པར་ཉམས་སུ་ལེན་པ་ནི་ཆོས་ཉིད་ཟབ་མོ་གཏིང་དཔག་དཀའ་བའི་རྒྱ་མཚོར་ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོ་ལ་ལྟ་བ་ཞེས་བྱ་སྟེ། ཡི་གེ་མེད་པ་ལས། རྒྱ་མཚོ་ཅོག་གཞག་གི་དགོངས་པ་ནི། སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། ། སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། ། གསལ་བ་མ་ཡིན་གསལ་བ་ཆེན་པོའི་ཡུལ། ། བྱིང་བ་མ་ཡིན་རྒོད་པ་ངང་གི་མེད། ། མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། ། མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། ། བྱས་པས་མ་བྱུང་བཞག་ཐབས་ཆེན་པོར་ལྟོས། ། སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང་། ། གནས་པ་མ་ཡིན་དེ་ལས་འདའ་བ་མེད། ། གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། ། ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། ། སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། ། ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། ། ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པ། ། འགྱུ་བྱེད་མེད་ན་སྒོམ་པའི་དགོངས་པ་ཡིན། ། གང་ལ་དམིགས་པའི་ཕྱོགས་དག་མི་འཛིན་ན། ། རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། ། འཛིན་མེད་གསལ་ཆ་མ་འགགས་པས། ། དགོངས་པའི་འདུག་ཚུལ་དེ་བཞིན་ནོ། ། ཞེས་སོ། ། 3.རིག་པ་ཅོག་བཞག་གི་མན་ངག་ནི། རིག་པ་ཅོག་བཞག་ལུ་གུ་རྒྱུད་བཙོན་འཛིན། ། ཞེས་མིག་ཡུད་ཙམ་མནན་ནས་ཟུར་ལ་བལྟས་པས་དབྱིངས་སྣང་ཤར་བར་ལུ་གུ་རྒྱུད་བཙོན་དུ་འཛིན་པ་སྟེ། ཡི་གེ་མེད་པ་ལས། རིག་པ་ཅོག་གཞག་མན་ངག་ཉིད། ། འདི་ནི་གསང་བའི་མཐར་ཐུག་སྟེ། ། མིག་ནི་རབ་ཏུ་མནན་བྱས་ཏེ། ། དེ་དང་འདུ་འབྲལ་མེད་པར་བརྟག ། མིག་ཟུར་གཉིས་ལས་དབྱིངས་བྱུང་བས། ། འོད་ནི་ཕྲ་ལ་འཁྲིལ་བ་འབྱུང་། ། དེ་ལས་ངོ་བོ་ལུ་གུ་རྒྱུད། ། ཕྲ་དང་འཁྱུག་དང་འགྱུར་བའོ། ། མིག་ནི་ནམ་མཁའི་ཁམས་སུ་བརྟག ། སངས་རྒྱས་སྐུ་ཡི་ཐིག་ལེར་འཆར། ། དེ་ཉིད་དགོངས་པའི་དྲོད་རྙེད་ནས། ། རིག་པ་སྐུ་ནི་ལུ་གུ་རྒྱུད། ། སྐུ་དང་བཅས་པར་སྣང་བའོ། ། ཞེས་སོ། ། 4.སྣང་བ་ཉེར་བཞག་གི་ཐབས་བསྟན་པ་ནི། སྣང་བ་ཅེར་གཞུག་འོད་རིག་གསལ་དྭངས་ཕྱེད། ། ཅེས་ཡེ་ཤེས་རང་ངོའི་མདངས་འབྱུང་བ་ཆེན་པོའི་འོད་ལྔ་སྟེ། ཟ་འོག་རིས་ལ་སོགས་པ་སྣང་བའི་ངང་དེར་རིག་པ་གསལ་དྭངས་ཕྱེད། བྱིང་རྨུགས་མེད། འཕྲོ་རྒོད་དུ་མ་ཤོར། གང་ལའང་མི་འཛིན་བདེ་གསལ་མི་རྟོག་པའི་ཉམས་ཡོད་ལ་འཛིན་པ་མ་ཞུགས་པར་བཞག་པ་སྟེ། གསང་བ་ཡི་གེ་མེད་པ་ལས། སྣང་བ་ཉེར་བཞག་རིག་པའི་ཐབས་ཆེན་ནི། ། སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། ། འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང་། ། ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། ། མ་ཡེངས་བར་དུ་འཛིན་མེད་ཆེན་པོར་ཞོག ། གསང་སྔགས་ཆེན་པོ་ཡེ་ཤེས་ཆེན་པོ་ལྔ། ། ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་ཞོག ། རྡོ་རྗེ་སེམས་དཔའི་རིག་པ་ཅེར་བཞག་ནི། ། ཆོས་ཀྱི་སྐུ་ཡི་སྣང་བ་ཐམས་ཅད་སྟོན། ། ཡེ་ཤེས་དག་པས་སྣང་བ་ཟེར་སྣང་བས། ། གསང་བའི་བཞག་ཐབས་ཅེར་བཞག་ཆེན་པོའི་ངང་། ། སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་པ། ། ཡེངས་པ་མ་ཡིན་ངང་གི་དོན་ལ་ཞོག ། ཅེས་སོ། ། དེ་དག་ཀྱང་དབྱིངས་རིག་ལ་ཆགས་ཞེན་མེད་པར་ལྟ་བ་གཅིག་གི་ངང་དུ་འདུས་པ་ཡིན་ནོ། །

Tibetan Source 《མདོ་རྒྱུད་མཛོད་ཚི་པ་》283.5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number