6221

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:06, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དགེ་སློང་འགྱེད་པའི་རྩ་བ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞི་ལས་བྱུང་བ་སྟེ།

1. འདི་ན་ལ་ལ་ཁྲོ་བ་ཡིན་ཞིང་འཁོན་དུ་འཛིན་པ་གང་ཡིན་པ་དེ་ནི། སྟོན་པར་བཀུར་སྟི་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་དོ། ། སྟོན་པ་ལ་བཀུར་སྟིར་མ་བྱས། བླ་མར་མ་བྱས། རི་མོར་མ་བྱས། མཆོད་པར་མ་བྱས་པས་ཆོས་མི་མཐོང་ངོ་། ། ཆོས་མ་མཐོང་བས་དགེ་སྦྱོང་གི་ཚུལ་ལ་མི་ལྟའོ། ། དགེ་སྦྱོང་གི་ཚུལ་ལ་མི་ལྟ་ན། དགེ་འདུན་ལ་འདི་ལྟ་བུའི་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་འབྱིན་པར་བྱེད་དོ། ། འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་དེ་ནི། སྐྱེ་བོ་མང་པོ་ལ་ཕན་པ་མ་ཡིན་པ་དང་། སྐྱེ་བོ་མང་པོ་ལ་གནོད་པ་དང་། སྐྱེ་བོ་མང་པོ་ལ་སྡུག་བསྔལ་བ་དང་། ལྷ་དང་མི་རྣམས་ལ་མི་ཕན་པ་དང་། གནོད་པ་དང་། སྡུག་བསྔལ་བར་བྱེད་པ་ཡིན་ནོ། ། 2. གལ་ཏེ་ཁྱོད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གིའམ། ཕྱི་རོལ་གྱི་ཡང་རུང་། མ་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང་། འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་ལྡོག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཇི་ཙམ་འགྱེད་པའི་རྩ་བ་བྱུང་བ་དེ་ཉིད་སྤངས་ཀྱི་བར་དུ་བརྩོན་པར་བྱའོ། ། དེ་ལྟར་ན། ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ཡང་སྤོང་བར་འགྱུར་རོ། ། 3. གལ་ཏེ་ཁྱོད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གིའམ། ཕྱི་རོལ་གྱི་ཡང་རུང་། ལེགས་པར་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང་། འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་ལྡོག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཅི་ནས་ཀྱང་རྩོད་པའི་རྩ་བ་སྤངས་པ་དེ་ཉིད་ཕྱིར་ཡང་མི་འབྱུང་བར་བརྩོན་པར་བྱའོ། ། དེ་ལྟར་ན། ཁྱེད་ཀྱིས་ འགྱེད་པའི་རྩ་བ་དེ་ཡང་དག་པར་ལེགས་པར་བསལ་བས་ཕྱིས་སྐྱེ་བར་མི་འགྱུར་རོ། ། ཁྲོ་ཞིང་འཁོན་དུ་འཛིན་པ་ཇི་ལྟ་བ་བཞིན་དུ་འཆབ་ཅིང་འཚིག་པ་དང་། ཕྲག་དོག་བྱེད་ཅིང་སེར་སྣ་ཅན་དང་། གཡོ་བྱེད་ཅིང་སྒྱུ་ཅན་དང་། ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཡང་དེ་དང་འདྲའོ། ། 4. འདི་ན་ལ་ལ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ཞིང་འཆབ་པའི་འཛིན་པ་དང་། སྨྲས་པ་ལ་དངན་ཐེན་བྱེད་པ་ཡིན་ཏེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ། འཆབ་པ་འཛིན་པ། སྨྲས་པ་ལ་དངན་ཐེན་བྱེད་པ་གང་ཡིན་པ་དེ་ནི། སྟོན་པ་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་དོ། ། དེ་སྟོན་པ་ལ་བཀུར་སྟི་མ་བྱས། བླ་མར་མ་བྱས། རི་མོར་མ་བྱས། མཆོད་པར་མ་བྱས་པས་ཆོས་མི་མཐོང་ངོ་། ། ཆོས་མི་མཐོང་བས་དགེ་སྦྱོང་གི་ཚུལ་ལ་མི་ལྟའོ། ། དགེ་སྦྱོང་གི་ཚུལ་ལ་མི་ལྟ་ན། དགེ་འདུན་ལ་དེ་ལྟ་བུའི་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་འབྱིན་པར་བྱེད་དོ། ། འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་དེ་ནི། སྐྱེ་བོ་མང་པོ་ལ་ཕན་པ་མ་ཡིན་པ་དང་། སྐྱེ་བོ་མང་པོ་ལ་གནོད་པ་དང་། སྐྱེ་བོ་མང་པོ་ལ་སྡུག་བསྔལ་བ་དང་། ལྷ་དང་མི་རྣམས་ལ་མི་ཕན་པ་དང་། གནོད་པ་དང་། སྡུག་བསྔལ་བར་བྱེད་པ་ཡིན་ནོ། ། 5. གལ་ཏེ་ཁྱོད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གིའམ། ཕྱི་རོལ་གྱི་ཡང་རུང་། མ་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང་། འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་ལྡོག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཇི་ཙམ་འགྱེད་པའི་རྩ་བ་བྱུང་བ་དེ་ཉིད་སྤོང་བའི་བར་དུ་བརྩོན་པར་བྱའོ། ། དེ་ལྟར་ན། ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་སྤོང་བར་འགྱུར་རོ། ། 6. གལ་ཏེ་ཁྱོད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གིའམ། ཕྱི་རོལ་གྱི་ཡང་རུང་། ལེགས་པར་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་ཏུ་དགའ་བ་དང་། འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་ལྡོག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཅི་ནས་ཀྱང་འགྱེད་པའི་རྩ་བ་སྤངས་པ་དེ་ཉིད་ཕྱིས་ཀྱང་མི་འབྱུང་བར་བརྩོན་པར་བྱའོ། ། དེ་ལྟར་ན། ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ཡང་དག་པར་ལེགས་པར་བསལ་བས། ཕྱིས་སྐྱེ་བར་མི་འགྱུར་རོ། །

Tibetan Source 《འདུལ་བ་ཁ་པ་》ཤ་346ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number