6602

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:08, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan དོན་རྣམ་ངེས་དྲུག
Tibetan Alternate
Tibetan Definition དེ་ཡང་། ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1. ངོ་བོ་ཉིད་ཀྱི་དོན་ནི། ངོ་བོ་ཉིད་གསུམ་སྟེ། (1)ཀུན་བརྟགས་པའི་ངོ་བོ་ཉིད། (2)གཞན་གྱི་དབང་གི་ངོ་བོ་ཉིད། (3)ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དོ། ། 2. རྒྱུའི་དོན་ནི། རྒྱུའི་དོན་ནི་གསུམ་སྟེ། སྐྱེ་བའི་རྒྱུ། འབྱུང་བའི་རྒྱུ། འགྲུབ་པའི་རྒྱུ་དང་གསུམ་མོ། ། (1)སྐྱེ་བའི་རྒྱུ་ནི་རྐྱེན་རྣམ་པ་བཞི་སྟེ། [1]རྒྱུའི་རྐྱེན། [2]དེ་མ་ཐག་པའི་རྐྱེན། [3]དམིགས་པའི་རྐྱེན། [4]བདག་པོའི་རྐྱེན་ནོ། ། དེ་ལས་འདུས་བྱས་ཐམས་ཅད་འགྲུབ་པའི་ཕྱིར་རོ། ། (2)འབྱུང་བའི་རྒྱུ་ནི། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་ཀུན་འབྱུང་བར་འགྱུར་བ་དང་། འགོག་པར་འགྱུ་རོ་ཞེས་བྱ་བའི་བར་འདིས་ མཐར་གྱིས་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་འབྱུང་བའི་ཕྱིར་རོ། ། (3)འགྲུབ་པའི་རྒྱུ་ནི་མངོན་སུམ་དུ་དམིགས་པ་དང་། མི་དམིགས་པར་བསྙད་པས་བསྡུས་པ་སྟེ། དེས་བསྒྲུབ་པ་མ་གྲགས་པའི་དོན་སྒྲུབ་པའི་ཕྱིར་རོ། ། 3. འབྲས་བུའི་དོན་ནི། རྣམ་པ་ལྔ་སྟེ། (1)རྣམ་པར་སྨིན་པའི་འབྲས་བུ་ནི། ། ཀུན་ཏུ་ལེན་པའི་རྣམ་པར་ཤེས་པའོ། ། (2)རྒྱུ་མཐུན་པའི་འབྲས་བུ་ནི། འདི་ལྟ་སྟེ། སྔར་སྐྱེས་པའི་དགེ་བ་ལ་སོགས་པའི་ཆོས་རྣམས་ཀྱི་དེའི་རྒྱུ་ལས་བྱུང་བ་དགེ་བ་ལ་སོགས་པའི་ཆོས་ཕྱི་མ་རྣམས་སོ། ། (3)བདག་པོའི་འབྲས་བུ་ནི། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ཀྱི་དབང་གིས་སྣོད་ཀྱི་འཇིག་རྟེན་གྱི་ཆོས་སོ། ། (4)སྐྱེས་བུ་བྱེད་པའི་འབྲས་བུ་ནི། འདི་ལྟ་སྟེ། ལོ་ཐོག་ལ་སོགས་པའོ། ། (5)བྲལ་བའི་འབྲས་བུ་ནི། འཕགས་པའི་ལམ་གྱིས་བག་ལ་ཉལ་ལེགས་པར་བཅོམ་པའོ། ། 4. ལས་ཀྱི་དོན་གང་ཞེ་ན། རྣམ་པ་ལྔ་སྟེ། (1)དམིགས་པའི་ལས། (2)བྱེད་པའི་ལས། (3)འབད་པའི་ལས། (4)བསྒྱུར་བའི་ལས། (5)ཐོབ་པའི་ལས་སོ། ། 5. སྦྱོར་བའི་དོན་ནི། རྣམ་པ་ལྔ་སྟེ། (1)མང་པོ་ལས་གྱུར་པའི་སྦྱོར་བ་ནི་འདི་ལྟ་སྟེ། ཁང་པའི་ཤིང་དང་ཕ་གུ་ལ་སོགས་པའོ། ། (2)རྗེས་སུ་འཆིང་བ་ལས་གྱུར་པའི་སྦྱོར་བ་ནི་འདི་ལྟ་སྟེ། བག་ལ་ཉལ་ལ་སོགས་པའི་རྒྱུ་སྟེ། འདི་ལྟར་དེ་ཡོད་ན་ཀུན་ཏུ་མི་སྤྱོད་ཀྱང་ཉོན་མོངས་པ་ལ་སོགས་པ་དང་ལྡན་པ་བརྗོད་དོ། ། (3)འབྲེལ་བ་ལས་གྱུར་པའི་སྦྱོར་བ་ནི་འདི་ལྟ་སྟེ། རང་གི་སྐྱེ་བོ་རྣམས་ཀྱིས་ཕན་ཚུན་དུ་འབྲེལ་བའོ། ། (4)གནས་སྐབས་ལས་གྱུར་པའི་སྦྱོར་བ་ནི་འདི་ལྟ་སྟེ། ཕན་འདོགས་པ་ལ་སོགས་པའི་སེམས་ཀྱི་རྒྱུད་ཀྱི་གནས་སྐབས་ཏེ། འདི་ལྟར་དེའི་འཕྲལ་དུ་བདེ་བ་དང་ལྡན་པ་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་ལྡན་པ་ཞེས་བྱ་བའི་བར་དུ་བརྗོད་དོ། ། (5)གྱུར་པ་ལས་གྱུར་པའི་སྦྱོར་བ་ནི་འདི་ལྟ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པ་ལ་སོགས་པ་མངོན་དུ་གྱུར་པ་སྟེ། འདི་ལྟར་དེ་ཡོད་ན་འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པ་དང་ལྡན་པ་ཞེས་བརྗོད་དོ། ། 6. འཇུག་པའི་དོན་གང་ཞེ་ན། རྣམ་པ་ལྔ་སྟེ། (1)མཚན་ཉིད་ཀྱི་འཇུག་པ་ནི། སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་གསུམ་སྟེ། དེ་དག་གི་རྣམ་པར་འབྱུང་བའི་ཕྱིར་རོ། ། (2)རྟེན་ལ་འཇུག་པ་ནི། རྟེན་ལ་གནས་པར་བྱ་བ་ལ་གནས་པ་སྟེ། འདི་ལྟར་སེམས་ཅན་རྣམས་སོ། ། (3)ཕྱིན་ཅི་ལོག་གི་འཇུག་པ་ནི། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་མ་ཡིན་པར་འཇུག་པའི་ཕྱིར་རོ། ། (4)ཕྱིན་ཅི་མ་ལོག་པའི་འཇུག་པ་ནི། འཕགས་པའི་ལམ་སྟེ། དེ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་རོ། ། (5)རབ་ཏུ་དབྱེ་བའི་འཇུག་པ་ནི། ཆོས་རྣམས་ཀྱི་རྣམ་པ་ཐ་དད་པ་ཡིན་ཏེ། འདི་ལྟར་འདུ་བྱེད་ཐམས་ཅད་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་། ནང་དང་། ཕྱི་ལ་སོགས་པའི་རྣམ་པར་འཇུག་པའི་ཕྱིར་རོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ལི་པ་》ཤ་279ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number