8103

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | chos rnam kun btus
Revision as of 13:13, 22 August 2022 by Jeremi (talk | contribs) (CSV import of chos rnam kun btus dataset)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་འགྲུབ་པར་འགྱུར་བ་གཅིག་ནས་བརྒྱད་བར་ཚན་པ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཆེན་པོ་ལས་བྱུང་བ་སྟེ།

1. གཅིག་ཚན་ནི། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། ། གཉིས་ཚན་ནི། 1. བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཉིད། 2. སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་གཉིས་སོ། ། གསུམ་ཚན་ནི། 1. སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད། 2. བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྲུང་བ། 3. རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དང་གསུམ་མོ། ། ཆོས་དེ་གསུམ་དང་ལྡན་ན་སྔགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། བཞི་ཚན་ནི། 1. རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད། 2. གཞན་གྱི་སྔགས་རྗེས་སུ་གཅོད་པ་མེད་པ་ཉིད། 3. སེམས་ཅན་ཐམས་ཅད་བྱམས་པས་གནས་པ་ཉིད། 4. སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་སེམས་པ་ཉིད་དང་བཞིའོ། ། ཆོས་དེ་བཞི་དང་ལྡན་ན་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྔགས་འགྲུབ་པར་འགྱུར་རོ། ། ལྔ་ཚན་ནི། 1. རྣམ་པར་དབེན་པའི་ཕྱོགས་ཡང་དག་པར་བསྟེན་པ་ཉིད། 2. བས་མཐའི་དགོན་པ་སྟེན་པར་བྱེད་པ་ཉིད། 3. སེམས་ཅན་གཞན་ལ་ཞེ་སྡང་མེད་པ་ཉིད། 4. འཇིག་རྟེན་པའི་སྔགས་ལ་མི་ལྟ་བ་ཉིད། 5. ཚུལ་ཁྲིམས་དང་། ཐོས་པ་དང་། སྤྱོད་པ་ལ་གནས་པར་བྱེད་པ་ཉིད་དང་ལྔ་སྟེ། ཆོས་དེ་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་འཇུག་ཅིང་སྔགས་ཀྱི་སྤྱོད་པ་སྒྲུབ་པ་ཡོངས་སུ་རྫོགས་པར་འགྱུར་རོ། ། དྲུག་ཚན་ནི། 1. དཀོན་མཆོག་གསུམ་ལ་དད་པ་རྗེས་སུ་མི་གཅོད་པ་ཉིད། 2. བྱང་ཆུབ་སེམས་དཔའ་ལ་དད་པ་རྗེས་སུ་མི་གཅོད་པ་ཉིད། 3. འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་སྔགས་ལ་ཀུན་ཏུ་དགའ་བ་ཉིད། 4. ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལ་ལྟ་བ་ཉིད། 5. ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་ཚིག་གི་དོན་ནི་སྤོང་ཞིང་སྐྱོ་བ་མེད་པའི་སེམས་ཉིད། 6. སྔགས་ཀྱི་སྤྱོད་པ་ཡོངས་སུ་བཙལ་བ་དང་། དགེ་བའི་ཕྱོགས་ཡོངས་སུ་མི་གཏོང་བ་ཉིད་དང་དྲུག་སྟེ། ཆོས་དེ་དྲུག་དང་ལྡན་ན་རིག་པའི་སྤྱོད་པ་དང་། སྔགས་འགྲུབ་ཅིང་ཡང་དག་པར་སྒྲུབ་པ་ཉིད་དུ་འགྱུར་རོ། ། བདུན་ཚན་ནི། 1. ཐེག་པ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྒོམ་པ་དང་། ཀློག་པ་དང་། སྟོན་པ་དང་། འདོན་དུ་འཇུག་པ་དང་། འདྲི་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པ་ཉིད། 2. དུས་དང་། ཕྱོགས་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། མི་སྨྲ་བ་དང་། དཀའ་ཐུབ་ལ་གཞོལ་བ་ཉིད། 3. རྟོགས་པ་དང་། བློ་དང་། དྲན་པ་དང་། ཤེས་རབ་དང་། བསྟན་པ་ལ་བསྙེན་པ་ཉིད། 4. བྱང་ཆུབ་ཀྱི་ཚོགས་དང་། ཐེག་པ་ཆེན་པོ་དང་། ཟབ་པའི་ཆོས་ཀྱི་ཚུལ་ལ་ཡང་དག་པར་རབ་ཏུ་ཞུགས་པ་ཉིད། 5. རང་དགའི་སྔགས་དགུག་པའི་བྱ་བ་ལ་མཁས་པ་ཉིད་དང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དགའ་བ་ཆེན་པོ་ཉིད་ཡོངས་སུ་སྒོམ་པ་ཉིད། 6. སྤྲོས་པ་མེད་པའི་སེམས་ཅན་གྱི་ཁམས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ལ་འཇུག་པ་གཉིས་སུ་མེད་པའི་ངོ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་ཉིད། 7. སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་། ཐེག་པ་དམན་པ་ལ་དགའ་བ་མེད་པ་ཉིད་དང་བདུན་ཏེ། ཆོས་བདུན་པོ་དེ་དག་གིས་ནི་རིག་པ་དང་། སྔགས་འགྲུབ་ཅིང་ཡོངས་སུ་རྫོགས་པར་འགྱུར་རོ། ། བརྒྱད་ཚན་ནི། 1. མཐོང་བ་དང་། མ་མཐོང་བའི་འབྲས་བུ་དག་ལ་ལྟ་བ་དང་། སེམས་པར་འདོད་པ་ཉིད། 2. བྱང་ཆུབ་སེམས་དཔའི་འབྲས་བུ་དང་བཅས་པའི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཉིད་ལ་ཐེ་ཚོམ་མེད་ཅིང་དང་བ་ཉིད། 3. ཕྱིན་ཅི་མ་ལོག་པའི་སྔགས་གཟུང་བ་དང་། བླ་མ་ལ་གུས་པ་ཉིད། 4. སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྔགས་དང་། རྒྱུད་དང་། སྤྱོད་པ་བསྟན་པ་མི་སླུ་བ་བཟུང་ཞིང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཉིད། 5. སངས་རྒྱས་ཀྱི་ཞིང་གནས་དང་། གནས་མ་ཡིན་པ་རྨི་ལམ་ན་མཐོང་བ་རབ་ཏུ་སྟོན་པ་ལ་མཁས་པ་ཉིད། 6. སེར་སྣ་དང་། གཉིད་དང་། རྨུགས་པ་མཐའ་དག་དང་བྲལ་བར་བྱེད་ཅིང་རྟག་ཏུ་བརྩོན་འགྲུས་རྩོམ་ལ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་བདག་ཉིད་འབུལ་བར་བྱེད་པ་ཉིད། 7. མདོར་བསྡུ་ན་དགེ་བའི་རྩ་བས་ཆོག་མི་ཤེས་ཤིང་གོ་ཆ་ཆེན་པོ་བགོས་པ་དང་། བགེགས་ཐམས་ཅད་རབ་ཏུ་སེལ་བར་འདོད་པ་ཉིད། 8. བྱང་ཆུབ་ཀྱི་སྙིང་པོ་གནོན་པ་དང་། ལོངས་སྤྱོད་ཆེན་པོ་དང་། དབང་ཆེ་བར་གྲགས་པར་བདག་ཉིད་འདོད་པ་ཉིད་དང་། དབང་ཆེ་བར་གྲགས་པའི་གང་ཟག་ལ་བསྙེན་པ་དང་། དགེ་བའི་བཤེས་གཉེན་དང་མི་འབྲལ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཉེ་བར་གནས་པ་ཉིད་དང་བརྒྱད་དེ། ཆོས་བརྒྱད་པོ་འདི་དག་དང་ལྡན་ན་སྔགས་སྤྱོད་པའི་དོན་འགྲུབ་པའི་ཡང་དག་པའི་ལམ་དུ་འགྱུར་རོ། །

Tibetan Source 《རྒྱུད་ཐ་པ་》ཤ་84བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number